中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། སྤྱི་བདེ་པུའུ་ཡིས་བཀོད་འདོམས་བྱས་ནས་རྒྱལ་ཁོངས་ལས་བརྒལ་བའི་དྲ་སྦྲེལ་རྒྱན་འགྱེད་ཀྱི་གྱོད་དོན་ཚབས་ཆེན་ཞིག་རྩད་ཆོད་དེ་བཟུང་བ།
དུས་ཚོད།2017-05-05 14:54:07     རྩོམ་གྱི་ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།    ཆུང་། | འབྲིང་། | ཆེ།
       ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ4ཚེས26ཉིན། གསར་འགོད་པས་སྤྱི་བདེ་པུའུ་ནས་ཤེས་རྟོགས་བྱུང་གསལ་དུ། ཟླ4ཚེས18ཉིན། ཀྲུང་གོ་དང་ཧྥི་ལི་ཕིན་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛིན་སྡེ་ཁག་མཉམ་ལས་དམ་ཟབ་བྱས་ཏེ་རྒྱལ་ཁོངས་ཕྱི་ནང་གཉིས་སུ་ཉེས་ཅན་འཛིན་བཟུང་བྱས་པས། རྒྱལ་ཁོངས་ལས་བརྒལ་བའི་དྲ་རྒྱའི་རྒྱན་འགྱེད་ཀྱི་གྱོད་དོན་ཚབས་ཆེན་ཞིག་རྩད་ཆོད་འཛིན་བཟུང་ཐུབ་ཡོད་པ་དང་། ཧྥི་ལི་ཕིན་རྒྱལ་ཁབ་ཏུ་སྒྲིག་བཀོད་བྱས་པའི"KONEསྤྲོ་སྐྱིད"སོགས་ཀྱི་རྒྱན་འགྱེད་དྲ་ཚིགས་ཁག་བཞི་གཏོར་ཅིང་། རྒྱལ་ཁོངས་ཕྱི་ནང་གི་གྱོད་འབྲེལ་མི་སྣ99བཟུང་ཡོད། རྩིས་ཁྲའི་ཨང་གྲངས1100བསྡམས་བཅད་བྱས་པ་དང་། ཤེས་བཤེར་བྱུང་བའི་མ་དངུལ་སྒོར་ཁྲི7000ལྷག་ཙམ་བསྡམས་བཅད་བྱས་པ་རེད།
      ཟླ4ཚེས25ཉིན་གྱི་དགོང་མོར། ཧྥི་ལི་ཕིན་རྒྱལ་ཁབ་ཏུ་བཟུང་བའི་གྱོད་འབྲེལ་མི་སྣ55བདེ་བླག་ངང་རྒྱལ་ནང་དུ་བསྐྱལ་བ་རེད། གྱོད་དོན་འདི་ནི་རྒྱལ་ཁབ་སྔོན་འགོག་ཚོད་འཛིན་བཅོས་སྐྱོང་གི་རྒྱལ་ཁོངས་ལས་བརྒལ་བའི་དྲ་རྒྱའི་རྒྱན་འགྱེད་བྱེད་སྒོ་མཐུན་སྦྱོར་ལམ་སྲོལ་ལག་བསྟར་བྱས་པའི་རྗེས། རྒྱལ་ཁོངས་ཕྱི་ནང་ནས་ཉེས་ཅན་འཛིན་བཟུང་དང་། སྤྱི་བདེ་པུའུ་ཡིས་ལྟ་སྐུལ་ལག་བསྟར་བྱས་པའི་རྒྱལ་ཁོངས་ལས་བརྒལ་བའི་དྲ་རྒྱའི་རྒྱན་འགྱེད་གྱོད་དོན་ཐོག་མ་དེ་རེད། །
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།