中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅༎ ཀྲུང་གོའི་ཡུན་ནན་ས་མཐོའི་ཁྱད་ལྡན་ཞིང་ལས་པུར་ཀ་རི་ཡར་འགྲེམས་སྟོན་བྱས་པ།
དུས་ཚོད།2017-05-31 15:08:13     རྩོམ་གྱི་ཡོང་ཁུངས། མི་དམངས་དྲ་བའི་འཕྲིན།     ཆུང་། | འབྲིང་། | ཆེ།
    ཉེ་ལམ། ཀྲུང་གོའི་ཡུན་ནན་ས་མཐོའི་ཁྱད་ལྡན་ཞིང་ལས་འོས་སྦྱོར་འགྲེམས་ཚོགས་པུར་ཀ་རི་ཡའི་རྒྱལ་ས་སོ་ཧྥེ་ཡར་གཉེར་བ་དང་། ཡུན་ནན་གྱི་ཞིང་ལས་ཁེ་ལས་30ལྷག་ཙམ་གྱིས་རིགས་སྣ་ཚོགས་ཀྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་སྟོན་བྱས་ནས་པུར་ཀ་རི་ཡའི་ལས་རིགས་གཅིག་པའི་ཡིད་དབང་བཀུག་ཡོད།
     ཡུན་ནན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཀྲང་ཙུའུ་ལིན་གྱིས་འགྲེམས་ཚོགས་ཐོག་ཡུན་ནན་འདི་ཉིད་ཀྲུང་གོའི་མཐའ་མཚམས་སུ་གནས་པ་དང་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་མ་ཟད། ད་དུང་པུར་ཀ་རི་ཡ་ལྟར་གྱི་ཕུན་སུམ་ཚོགས་པའི་ཁྱད་ལྡན་ཞིང་ལས་ཡོད། ཡུན་ནན་ནི་ཀྲུང་གོའི་ཀོག་ཧྥེ་དང་ཕོར་ཇ་སོགས་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཐོན་སྐྱེད་བྱེད་མཁན་ཞིང་ཆེན་ཡིན་པ་དང་པུར་ཀ་རི་ཡ་ནི་རྒྱ་སེ་མེ་ཏོག་དང་རྒུན་འབྲུམ་ཐོན་སྐྱེད་དང་ལས་སྣོན་སྟོབས་ཆེན་རྒྱལ་ཁབ་ཡིན་པས་ཕྱོགས་གཉིས་པོར་ཞིང་ལས་མཉམ་ལས་ཀྱི་གསབ་རེས་རང་བཞིན་ཆེན་པོ་ལྡན་ཡོད་ལ། མདུན་ལམ་ཡང་ཆེན་པོ་ཡོད་ཅེས་བཤད་པ་རེད།
     པུར་ཀ་རི་ཡའི་ཞིང་ལས་པུའི"ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་ཞིང་ལས་མཉམ་ལས་སྐུལ་སྤེལ་མཉམ་འབྲེལ་ཚོགས་པའི"ཚོགས་གཙོ་ཀའེ་ལའེ་ཕུའུ་ཡིས་ཚེས་23ཉིན་པུར་ཀ་རི་ཡ་དང་ཀྲུང་གོས"16+1"གི་ཞིང་ལས་མཉམ་ལས་དཔེ་སྟོན་ཁུལ་འཛུགས་པའི་གྲ་སྒྲིག་ལས་དོན་མཉམ་དུ་སྤེལ་འགོ་བཙུགས་ཡོད། ཁྱད་ལྡན་ཞིང་ལས་གླིང་འཛུགས་སྐྲུན་ཐད་ཡུན་ནན་ལ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པས་པུར་ཀ་རི་ཡས་ཡུན་ནན་གྱི་ཉམས་མྱོང་དཔྱད་གཞིར་འཛིན་ནས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་ཐོབ་པའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།
     མཚམས་སྦྱོར་འགྲེམས་ཚོགས་ཐོག་པུར་ཀ་རི་ཡའི་ཞིང་ལས་ཁེ་ལས་མི་སྣས་ཡུན་ནན་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ལ་ལྟ་སྐོར་བྱས་པ་དང་འབྲེལ་བྲོ་བའང་བལྟས་པ་དང་། ཁ་གཏད་ཀྱི་ངོ་འཕྲད་གྲོས་མོལ་ཡང་བྱས་པ་རེད།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།