中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་རེའི་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་གནང་བ།
དུས་ཚོད།2017-06-09 15:43:11     རྩོམ་གྱི་ཡོང་ཁུངས། ཀྲུང་གོ་རླུང་འཕྲིན་དྲ་བ།     ཆུང་། | འབྲིང་། | ཆེ།
 ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༨ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་སྲིད་གྲོས་ཀྱིས་གཟའ་འཁོར་གཉིས་རེའི་བཞུགས་མོལ་ཚོགས་འདུ་ཐེངས་༦༨པ་པེ་ཅིན་དུ་སྐོང་ཚོགས་བྱས་ཏེ་༼འཁོན་ཐོགས་མེད་པར་ཁོར་ཡུག་འཛུགས་སྐྲུན་༽བྱེད་པའི་ཐད་ཐབས་དང་ཇུས་བཏོན་ཡོད་པ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུངས་བཤད་གནང་ཡོད་པ་རེད།
 ཨུ་ཡོན་རྣམས་ཀྱིས། འཁོན་ཐོགས་མེད་པའི་ཁོར་ཡུག་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་ནི་སྤྱི་ཚོགས་ཤེས་དཔལ་དར་ཞིང་ཡར་ཐོན་ཡོང་བའི་མཚོན་རྟགས་གལ་ཆེན་ཞིག་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་བ་མ་ཟད་ལས་དོན་བཀོད་སྒྲིག་ཀྱང་གནང་ཡོད་པ་དང་། ༼ ལོ་ལྔ་ཚན་གྱི་འཆར་འགོད་བཅུ་གསུམ་པའི་༽འཆར་འགོད་ནང་འཁོན་ཐོགས་མེད་པའི་ཁོར་ཡུག་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་ཁ་གསལ་བཏོན་གནང་བ་དང་། ཉེ་བའི་ལོ་ཤས་རིང། རྒྱལ་ཁབ་དང་། ལས་རིགས་སྡེ་ཁག་གིས་འབྲེལ་ཡོད་གཏན་འབེབས་སྔ་རྗེས་སུ་བཏོན་པ་དང་། རང་རྒྱལ་གྱི་འཁོན་ཐོགས་མེད་པའི་ཁོར་ཡུག་འཛུགས་སྐྲུན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད། འོན་ཀྱང་མིག་སྔའི་ཆར་ད་ཡོད་ཀྱི་སྤྱི་པའི་སྒྲིག་ཆས་འཁོན་ཐོགས་མེད་པར་སྒྱུར་བཀོད་བྱ་རྒྱུ་རྗེས་ལུས་དང་། འཁོན་ཐོགས་མེད་པའི་ཁོར་ཡུག་འཛུགས་སྐྲུན་ཚད་གཞི་ཚད་ལྡན་འཐུས་ཚང་མིན་པ། འཁོན་ཐོག་མེད་པའི་སྒྲིག་ཆས་དོ་དམ་སྲུང་སྐྱོང་ཡག་པོ་མ་བྱུང་བ་སོགས་ཀྱི་གནད་དོན་ཡོད་པའི་ངོས་འཛིན་གནང་བ་དང་། ཨུ་ཡོན་རྣམས་ཀྱིས་ད་དུང་ཕྱོགས་དྲུག་གི་ཐད་ནས་བསམ་འཆར་དང་གྲོས་འགོ་བཏོན་གནང་ཡོད་པ་རེད། ཡུས་ཀྲེང་ཧྲེང་གིས་བསམ་འཆར་གསན་པ་དང་། ལྷན་རྒྱས་དང་སྤེལ་རེས་ཡང་སེ་གནང་ཡོད་པ་རེད།
 རྒྱལ་ཡོངས་སྲིད་གྲོས་ཀྱིས་འཁོན་ཐོགས་མེད་པའི་ཁོར་ཡུག་འཛུགས་སྐྲུན་གནད་དོན་ལ་དོ་ཁུར་ཆེན་པོ་གནང་བ་དང་། ཐེངས་འདིའི་གྲོས་ཚོགས་ཡག་པོ་འཚོགས་ཆེད། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཨུ་ཡོན་རྟོག་ཞིབ་ཚོགས་པས་ཅང་སུའུ་དང་། ཧའེ་ནན་ལ་རྟོག་ཞིབ་གནང་བ་དང་། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་ཧྲང་ཧའེ་དང་པེ་ཅིན་དུ་རྟོག་ཞིབ་གནང་ཡོད་པ་རེད།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།