中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། རྒྱལ་ཡོངས་ཀྱི་སྔོན་དུ་དམངས་ཡོངས་ཀྱི"ལྷན་སྐྱེས་དབང་སྐྱོན"དང"བུད་མེད་ཀྱི་མངལ་སྐེའི་འབྲས་སྐྲན"གནད་སྨིན་སྔོན་འགོག་དང་ཚོད་འཛིན་ཐུབ་པ།
དུས་ཚོད།2017-06-14 11:09:03     རྩོམ་གྱི་ཡོང་ཁུངས། མི་དམངས་དྲ་བའི་འཕྲིན།     ཆུང་། | འབྲིང་། | ཆེ།
  ཟླ6ཚེས11ཉིན། གསར་འགོད་པས་ཆིང་ཏའོ་ཤིས་ཧའེ་ཨན་ཁུལ་གསར་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཁུལ་དེས་ཧྭ་ཏ་གཞི་རྒྱུའི་རྒྱལ་སྤྱིའི་ཚན་རྩལ་གསར་ཤོས་དང་ལག་རྩལ་གྱི་སྟོབས་ཤུགས་ཆེན་པོར་བརྟེན་ནས་རང་རྒྱལ་དུ་ཁུལ་ཡོངས་ཀྱི་ཐེམ་ཐོ་དང་རྒྱུན་སྡོད་མི་འབོར་ལ་ཁྱབ་པའི་ཕྲུ་གུ་མ་སྐྱེས་གོང་གི་གཞི་རྒྱུ་ཞིབ་དཔྱད་ཚད་ལེན་དང་། སྐྱེ་མ་ཐག་པའི་ཕྲུ་གུའི་ལྷན་སྐྱེས་ནད་ཞིབ་དཔྱད་ཚད་ལེན། བུད་མེད་ཀྱི་སྐྲན་ནད་གཉིས་སྔོན་འགོག་དང་ཚོད་འཛིན་བཅས་ཀྱི“གཞི་རྒྱུ་ཞིབ་དཔྱད་ཚད་ལེན་གྱི་དམངས་འཚོའི་རྣམ་གྲངས”སྨན་རིན་མི་དགོས་པའི་སྒོ་ནས་སྔོན་ལ་ལག་ལེན་བསྟར་ཡོད། སྔོན་དཔག་བྱས་ན་ལོ་5སོང་རྗེས། ཁུལ་གསར་དེའི་སྐྱེ་མ་ཐག་པའི་ཕྲུ་གུར་ལྷན་སྐྱེས་དབང་སྐྱོན་ཐོན་ཚད་རྒྱལ་སྤྱིའི་ཐོག་ཉུང་ཤོས་ཡིན་པ་དང་བུད་མེད་ཀྱི་ནུ་མའི་འབྲས་སྐྲན་དང་མངལ་སྐེའི་འབྲས་སྐྲན་ཐོན་ཚད་ཀྱང་ཉུང་དུ་གཏོང་རྒྱུ་ཚད་བརྒལ་བྱུང་ནས་གཞི་རྒྱུའི་ཚན་རྩལ་ལ་བརྟེན་ནས་དམངས་འཚོར་དངོས་སུ་ཕན་འདོགས་ཐུབ་རྒྱུ་རེད།
  ངོ་སྤྲོད་བྱས་པར་གཞིགས་ན། ཁུལ་གསར་གྱི་ཀྲུང་ཏེ་སྣོད་བཅུད་གླིང་དུ་གནས་པའི་ཧྭ་ཏ་གཞི་རྒྱུའི་བྱང་ཕྱོགས་རྟེན་གཞིའི་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར30བཏང་ནས་ས་ཁྱོན་མུའུ60བཟུང་ཡོད་པ་དེའི་ཁྲོད་དུས་ཐེངས་དང་པོར་མ་དངུལ་སྒོར་དུང་ཕྱུར་7བཏང་ནས་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2ཟིན་པ་དེར་ཞིབ་སྤེལ་ཐོག་ཁང་དང་། མ་དཔེའི་མཛོད། གྲངས་གཞིའི་མཛོད་བཅས་ཐོག་ཁང་གསུམ་བསྐྲུན་རྒྱུ་དང་ལས་གྲྭ་གཙོ་བོ་སྤྱིའི་ཆ་ནས་ལེགས་གྲུབ་ཟིན་ཡོད། མིག་སྔར་སྨི་ངོས་གྲུ1000ལྷག་ཙམ་ཟིན་པའི་ཚོད་ལྟ་ཁང་ལས་མཇུག་འགྲིལ་ནས་སྤྱོད་འགོ་ཚུགས་པ་དང་། ཧྭ་ཏ་གཞི་རྒྱུའི་རང་བརྟེན་ཤེས་བྱའི་བདག་དབང་ཡོངས་སུ་ཚང་བའི་རང་རྒྱལ་གྱིས་བཟོས་པའི་གཞི་རྒྱུའི་ཚད་འཇལ་ཡོ་ཆསBGISEQ-500དགུ་ཚོད་ལྟ་ཁང་དུ་དབོར་ཟིན་པ་དང་། ཧྲན་ཏུང་ཞིང་ཆེན་གྱི་གཞི་རྒྱུ་ཞིབ་འཇུག་ཚོགས་ཆུང་གི་ཞིབ་འཇུག་ལྟེ་གནས་ཆེ་ཤོས་སྐྲུན་ཟིན་ནས་ཁུལ་གསར་གྱི་མང་ཚོགས་ལ་རྒྱལ་སྤྱིའི་ཚད་གཞི་མཐོ་ཤོས་ཀྱི་ཞིབ་དཔྱད་ཚད་ལེན་ཞབས་འདེགས་ཞུ་རྒྱུ་རེད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།