中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།།སྤྱི་བདེ་པུས་སྤྱི་བདེའི་སྒྱུར་བཅོས་ལྟ་ཞིབ་བྱེད་འགོ་བཙུགས་པ།
དུས་ཚོད།2017-06-17 09:40:44     རྩོམ་གྱི་ཡོང་ཁུངས། མི་དམངས་དྲ་བའི་འཕྲིན།    ཆུང་། | འབྲིང་། | ཆེ།
   ཉེ་ཆར། པེ་ཅིང་སློབ་ཆེན་སྲིད་གཞུང་དོ་དམ་སློབ་གླིང་དང་། ཀྲུང་གོ་མི་དམངས་སྤྱི་བདེ་སློབ་ཆེན། རྒྱལ་ཁབ་བསྡོམས་རྩིས་ཅུས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་བརྟག་ཞིབ་ལྟེ་གནས་བཅས་ཀྱིས་མཉམ་དུ《སྤྱི་བདེའི་སྒྱུར་བཅོས་རྣམ་གྲངས་ཁག་གཅིག་ལག་བསྟར་གྱི་ཕན་འབྲས་ལ་ཚོད་སྐོར་བྱས་པའི་སྙན་ཞུ》ཁྱབ་བསྒྲགས་བྱས་ཤིང་། སྙན་ཞུའི་ནང་མང་ཚོགས་ཀྱིས་ཐེམ་ཐོ་མེད་པའི་མི་སྣར་ཐེམ་ཐོ་ཐོ་འགོད་དང་། ཡུལ་མིའི་ཐོབ་ཐང་ལག་ཁྱེར་ཡུལ་གཞན་ནས་སྒྲུབ་གཉེར་བ། འཁོར་རིགས་ཞིབ་དཔྱད་ལམ་ལུགས་སྒྱུར་བཅོས། ཁ་ལོ་བའི་ལག་ཁྱེར་ལེན་པའི་ཡིག་རྒྱུགས་ལམ་ལུགས་སྒྱུར་བཅོས། གཞུང་ལམ་དང་གྲོང་གསེབ་ས་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་ལས་འཛོལ་མགྱོགས་མྱུར་ཐག་གཅོད་དང་སྐྱིན་ཚབ་འཇལ་སྟངས་སྒྱུར་བཅོས། ཧྲང་ཧའེ་གྲོང་ཁྱེར་ཚན་རྩལ་གསར་གཏོད་ལྟེ་གནས་མངའ་ཁོངས་ནང་འཛུལ་བ་དང་དོན་པ་དང་འབྲེལ་བ་ཡོད་པའི་སྲིད་ཇུས་འཛུགས་སྐྱོང་བཅས་སྒྱུར་བཅོས་སྲིད་ཇུས་ཀྱི་ནང་དོན་6ལ་བློ་ཡིད་ཚིམ་ཚད94.6%དང་། 98.8% 96.2% 95.9% 97.2% 96.8%བཅས་སོ་སོར་ཟིན་པ་དང་སྒྱུར་བཅོས་སྲིད་ཇུས་6དེ་དག་གི་ལག་བསྟར་ཕན་འབྲས་ལ་བློ་ཡིད་ཚིམས་ཚད92.9%དང་། 98.2% 96.8% 95.2% 96.8% 97.3%བཅས་སོ་སོར་ཟིན་པ་མངོན་ཡོད་པ་རེད།
  ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཚོད་སྐོར་ནི་སྤྱི་བདེ་པུའུ་སྒྱུར་བཅོས་གཞུང་ལས་ཁང་གིས་པེ་ཅིང་སློབ་ཆེན་སྲིད་གཞུང་དོ་དམ་སློབ་གླིང་སོགས་ཕྱོགས་གསུམ་པར་ལག་ལེན་བསྟར་རྒྱུར་མངགས་བཅོལ་བྱས་པ་ཞིག་ཡིན་པ་དེའི་དམིགས་ཡུལ་ནི་སྒྱུར་བཅོས་དོན་འཁྱོལ་ལ་དམ་འཛིན་དང་ལྟ་ཞིབ་དང་ཕན་འབྲས་འདྲི་རྩད་ལ་དམ་འཛིན་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་ཀྱི་ཚོད་སྐོར་དང་སྒྱུར་བཅོས་ལྟ་ཞིབ་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། དངོས་སུ་བཏོན་ནས་ལག་བསྟར་བྱས་ཟིན་པའི་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་སྒྱུར་བཅོས་རྣམ་གྲངས་ཁག་གཅིག་ལ་རང་ཚུགས་དང་། དྲང་སྙོམས། དྲང་བདེན། ཁྱོན་ཡོངས་བཅས་ཀྱི་ལངས་ཕྱོགས་ནས་སྒྱུར་བཅོས་ལག་བསྟར་གྱི་གནས་ཚུལ་རྗེས་སྙེག་དང་ཁོང་དུ་ཆུད་པ་བྱེད་པ། སྒྱུར་བཅོས་ལག་བསྟར་གྱི་ཕན་འབྲས་ལ་ཚོད་སྐོར་བྱེད་པ། གནད་དོན་ཤེས་རྟོགས་ཐུབ་འཕྲལ་གྲོས་འགོ་འདོན་པ་བཅས་བྱས་ཏེ་སྤྱི་བདེའི་སྒྱུར་བཅོས་སྐོར་གྱི་ཀྲུང་དབྱང་གི་བཀོད་སྒྲིག་དང་བླང་བྱ་ཁག་དོན་འཁྱོལ་གནད་སྨིན་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་རེད།།
 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།