中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། འཕྲུལ་སྒུལ་རླངས་འཁོར་གྱི་ཨང་རྟགས་དོ་དམ་སྒྱུར་བཅོས་བྱས་པ་དང་རྒྱལ་ཡོངས་སུ་གཅིག་གྱུར་ངང་ཨང་རྟགས་འདེམས་པའི་མ་ལག་སྤྱོད་རྒྱུ་ཡིན་པ།
དུས་ཚོད།2017-06-21 17:51:20     རྩོམ་གྱི་ཡོང་ཁུངས། མི་དམངས་དྲ་བའི་འཕྲིན།     ཆུང་། | འབྲིང་། | ཆེ།
  ཚང་མས་དོ་སྣང་བྱེད་བཞིན་པའི་འཕྲུལ་སྒུལ་རླངས་འཁོར་གྱི་ཨང་རྟགས་དོ་དམ་སྒྱུར་བཅོས་ནི་ཟླ་6ཚེས་20ཉིན་ནས་བཟུང་སྤེལ་འགོ་ཚུགས་པ་རེད། རྒྱལ་ཡོངས་སུ་གཅིག་གྱུར་ངང་དྲ་སྦྲེལ་ཐོག་ནས་ཨང་རྟགས་འདེམས་པ་དང་། སྐབས་བསྟུན་ཨང་རྟགས་འདེམས་པའི་ཁྱབ་ཁོངས"20-50ནས་1འདེམས་པ"དང་། ལག་བརྒྱུད་རླངས་འཁོར་ཉོས་ན་སྔར་གྱི་ཨང་རྟགས་བཀོལ་ཆོག་པ་སོགས་ཀྱི་ཞབས་ཞུ་བྱེད་ཐབས་གསར་པ་ལག་ལེན་བསྟར་རྒྱུ་ཡིན་ལ། ས་ཁུལ་ཁ་ཤས་སུ་གཅིག་གྱུར་ངང་ཨང་རྟགས་དང་ཨང་གྲངས་འདེམས་པའི་མ་ལག་སྤྱོད་འགོ་ཚུགས་ཡོད་པ་རེད།
  གསར་འགོད་པས་སྤྱི་བདེ་པུའུ་འགྲིམ་འགྲུལ་ཅུས་ནས་ཤེས་རྟོགས་བྱུང་གསལ་དུ། འཕྲུལ་སྒུལ་རླངས་འཁོར་གྱི་ཨང་རྟགས་དོ་དམ་སྒྱུར་བཅོས་བྱེད་འགོ་ཚུགས་པའི་ཉིན་དང་པོར། བྱེད་ཐབས་ཚང་མ་ལག་ལེན་དོན་འཁྱོལ་བདེ་བླག་བྱུང་ཡོད་པ་རེད། ཆུ་ཚོད་16:00བར་དུ། ས་གནས་ཁག་གི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ཁྱོན་བསྡོམས་མང་ཚོགས་ཀྱིས་དྲ་སྦྲེལ་ཐོག་ནས་ཨང་རྟགས་འདེམས་པའི་ལས་དོན་ཁྲི་1.1ཙམ་བསྒྲུབས་ཅིང་། "20-50ནས་1འདེམས་པའི"ཨང་གྲངས་འདེམས་པའི་ལས་དོན་ཁྲི་14.5དང་། སྔར་གྱི་རླངས་འཁོར་གྱི་ཨང་རྟགས་དང་ཨང་གྲངས་སོར་འཇོག་བྱེད་པའི་ལས་དོན་6000ལྷག་ཙམ་བསྒྲུབས་པ་རེད། གཞན་ཡང་། ཧྲན་ཏུང་དང་། ཧོ་ནན། ཀོང་ཞི་བཅས་ཀྱི་ཞིང་ཆེན་(རང་སྐྱོང་ལྗོངས་)ཡོངས་དང་ཧྲང་ཧའེ། ནན་ཅིང་། ཝུའུ་ཞི། ཧྲེན་ཀྲེན་སོགས་ཁྱོན་བསྡོམས་གྲོང་ཁྱེར་68ལ་གཅིག་གྱུར་ངང་ཨང་གྲངས་འདེམས་པའི་མ་ལག་སྤྱོད་འགོ་ཚུགས་པ་རེད།
    སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་པས་འཕྲུལ་སྒུལ་རླངས་འཁོར་སྒྱུར་བཅོས་བྱས་ནས་མང་ཚོགས་ལ་ཕན་པའི་སྲིད་ཇུས་ལག་བསྟར་དོན་འཁྱོལ་ཡོང་ཆེད། སྤྱི་བདེ་པུའུ་ཡིས་དེ་སྔོན་དྲ་ཐོག་ནས་བསམ་འཆར་བསྡུ་ལེན་དང་། ཆེད་དོན་བཞུགས་མོལ་བགྲོ་གླེང་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་ལས་རིགས་ཁག་གི་བསམ་འཆར་བསྡུ་ལེན་བྱས་ཡོད། ཧྲང་ཧའེ་སོགས་ཀྱི་གྲོང་ཁྱེར་བདུན་དུ་གཅིག་གྱུར་ངང་ཨང་རྟགས་དང་ཨང་གྲངས་འདེམས་པའི་མ་ལག་ཚོད་ལྟར་སྤྱོད་འགོ་ཚུགས་པ་མ་ཟད། རྒྱལ་ཡོངས་ཀྱི་ཆ་འཕྲིན་དོ་དམ་མ་ལག་གི་རིམ་པ་སྤར་ཏེ་ས་གནས་ཁག་གི་ཨང་གྲངས་འདེམས་པའི་སྦྲེལ་སྣེ་མང་དུ་བཏང་བ་དང་། ཨང་རྟགས་ཡུལ་དངོས་སུ་སྒྲིག་བཟོ་ཇེ་མགྱོགས་ཡོང་མིན་དཔེ་སྟོན་ཚོད་ལྟ་བྱས་ནས་སྒྱུར་བཅོས་བྱེད་ཐབས་ཁག་བདེ་བླག་ངང་སྤེལ་ཐུབ་པའི་འགན་སྲུང་བྱས་ཡོད། ས་གནས་ཁག་གི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་ད་དུང་ལས་གཉེར་ཚོམས་ཁང་དུ་ཆེད་གཉེར་སློབ་སྟོན་མི་སྣ་བཀོད་སྒྲིག་དང་། རིན་མེད་སློབ་སྟོན་ལས་དོན་ཞབས་ཞུ་མཁོ་སྤྲོད། ཨང་གྲངས་འདེམས་ཐབས་གསར་པར་འགྲེལ་བཤད་བྱེད་ཀྱི་ཡོད་པ་རེད།
    ཤེས་རྟོགས་བྱུང་གསལ་དུ། རེ་ཐེངས་རྗེས་མར། སྤྱི་བདེ་པུའུ་ཡིས་གཅིག་གྱུར་ངང་ཨང་གྲངས་འདེམས་པའི་མ་ལག་བཀོད་སྒྲིག་དང་བཀོལ་སྤྱོད་མགྱོགས་སུ་གཏོང་རྒྱུ་ཡིན་ཞིང་། སྔོན་དཔག་བྱས་ན་ཟླ་བརྒྱད་པའི་ཟླ་མཇུག་གི་སྔོན་ལ། གཅིག་གྱུར་ངང་ཨང་གྲངས་འདེམས་པའི་མ་ལག་འདི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཞན་དག་ཏུའང་ཁྱབ་སྤེལ་བཀོལ་སྤྱོད་བྱེད་རྒྱུ་རེད། དུས་མཚུངས་སུ། སྤྱི་བདེ་པུའུ་ཡིས་ད་དུང་སྤྱི་བདེ་སྒྱུར་བཅོས་ཀྱི་ཆེད་དོན་ཞིབ་བཤེར་ལྟ་སྐུལ་བྱས་ཏེ་ཨང་རྟགས་དོ་དམ་སྒྱུར་བཅོས་བྱེད་རིམ་རྗེས་འདེད་རྟོག་ཞིབ་བྱས་ནས་སྒྱུར་བཅོས་ཀྱིས་མང་ཚོགས་ལ་ཕན་ཐོགས་ཡོང་བའི་ཁག་ཐེག་བྱེད་རྒྱུ་རེད།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།