中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། རྗེ་ཙོང་ཁ་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པ་མཚོ་སྔོན་མི་རིགས་སློབ་ཆེན་དུ་གཟབ་རྒྱས་ངང་ཚོགས་འགོ་བརྩམས་པ།
དུས་ཚོད།2017-07-12 09:46:12     རྩོམ་གྱི་ཡོང་ཁུངས། རེབ་གོང་བོན་མང་དྲ་ཚིགས།    ཆུང་། | འབྲིང་། | ཆེ།
  རྗེ་ཙོང་ཁ་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་དང་ཙོང་ཁ་པ་ཞིབ་འཇུག་གླིང་གཉིས་ཀྱིས་གཙོ་སྒྲུབ་མཛད་དེ་ཟླ7པའི་ཚེས6ཉིན་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་ཙོང་ཁ་པ་ཞིབ་འཇུག་གླིང་དུ་གཟབ་རྒྱས་ངང་ཚོགས་ཤིང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་འཛམ་གླིང་ཆོས་ལུགས་ཞིབ་འཇུག་སྡེ་ཁག་དང《འཛམ་གླིང་ཆོས་ལུགས་ཞིབ་འཇུག》རྩོམ་སྒྲིག་ཁང་། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ཁང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་དང་བོད་ལྗོངས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ།པེ་ཅིན་སློབ་ཆེན།ཧི་ནན་སློབ་ཆེན། ཧྥུའུ་ཏན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་དང་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ་སོགས་ནས་ཐོན་པའི་ཞིབ་འཇུག་པ་དང་ཆེད་མཁས་པ།དགེ་རྒན་ཆེན་མོ་དང་།བོད་བརྒྱུད་ནང་བསྟན་ཆོས་སྡེ་ཆེན་མོ་དག་ནས་སླེབས་པའི་དགེ་བཤེས་བཅས་ཚོགས་ཞུགས་ལས་ཁུངས་དང་ཆེད་མཁས་པ་མི་བརྒྱ་ལྷག་ཐེངས་འདིའི་ཚོགས་འདུར་ཞུགས་ཡོད།
  ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཁ་བྱང་ལ《རྗེ་ཙོང་ཁ་པའི་བྱང་ཆུབ་ལམ་རིམ་འབྲིང་བ་སོགས་ལས་བསྟན་པའི་ཡན་ལག་བདུན་པ་དང་དེའི་གོ་རིམ་སོགས་ལ་དཔྱད་པ།》དང《བཀའ་གདམས་ཆོས་འབྱུང་ལས་རྗེ་ཙོང་ཁ་པ་དང་དགེ་ལུགས་པའི་དགེ་བཤེས་རྣམས་ཀྱི་རྣམ་ཐར་སྐོར་གླེང་བ།》《རྗེ་ཙོང་ཁ་པ་ཆེན་པོའི་གསར་གཏོད་གནང་བའི་དགའ་ལྡན་གསེར་ཁྲིའི་ལམ་ལུགས་ཀྱི་དགེ་མཚན།》《དབུ་མ་དགོངས་པ་རབ་གསལ་ལས་དགག་བྱ་ངོས་འཛིན་ཚུལ་སྐོར་བཤད་པ།》《རྗེ་ཙོང་ཁ་པ་ཆེན་པོའི་སྙན་རྩོམ་གྱི་རྗོད་བྱེད་ཚིག་གི་དབྱངས་ཀྱི་མཛེས་པ་བརྗོད་པ།》《རྗེའི་ལམ་རིམ་ཆེན་མོ་དང་དེའི་འགྲེལ་པ་གྲགས་ཅན་འགའ་ངོ་སྤྲོད།》སོགས་བསྡོམས་པས་དཔྱད་རྩོམ38འབྱོར་ཡོད་ཅིང་།དེའི་ཁྲོད་རྒྱ་ཡིག་གི་དཔྱད་རྩོམ17དང་བོད་ཡིག་གི་དཔྱད་རྩོམ21ཡོད། ཚོགས་ཡུན་ཉིན་གཉིས་ཀྱི་རིང་ལ་ཆེད་མཁས་པ་རྣམས་ཀྱིས་རང་རང་གི་དཔྱད་རྩོམ་གཞིར་བཟུང་ནས་ཚོགས་ཐོག་ཏུ་སྒྲོག་འདོན་བྱེད་རྒྱུ་རེད།  །
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།