中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། མིག་ལ་མི་གནོད་པའི་བརྙན་འཕྲིན་ལྟ་སྟངས།
དུས་ཚོད།2017-09-20 09:40:30     རྩོམ་གྱི་ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།    ཆུང་། | འབྲིང་། | ཆེ།
མིག་ལ་མི་གནོད་པའི་བརྙན་འཕྲིན་ལྟ་སྟངས།
\
 
  དེང་སྐབས་བཪྙན་འཕྲིན་ལེ་ཚན་ཧ་ཅང་ཕུན་སུམ་ཚོགས་པས་རྒན་གཞོན་ཚང་མས་བཪྙན་འཕྲིན་ལྟ་རྒྱུར་ཤིན་ཏུ་དགའ་པོ་ཡོད། འོན་ཀྱང་བཪྙན་འཕྲིན་ལྟ་སྐབས་རང་ཉིད་ཀྱི་མིག་ལ་གཅེས་སྤྲས་བྱ་རྒྱུ་དེ་ཤིན་ཏུ་གལ་ཆེ།1.དུས་རྒྱུན་དུ་བཪྙན་འཕྲིན་ལྟ་སྐབས་བཪྙན་འཕྲིན་དང་བར་ཐག་ཉུང་མཐར་ཡང་སྨི་གཉིས་ཡན་འཇོག་དགོས།
2.བཪྙན་འཕྲིན་ཆུ་ཚོད་གཅིག་ཡན་བསྟུད་མར་བལྟས་རྗེས་ཉུང་མཐར་ཡང་ངལ་གསོ་སྐར་མ་ལྔ་ནས་བཅུའི་བར་བྱེད་དགོས་པར་མ་ཟད། ཉིན་རེར་བཪྙན་འཕྲིན་ལྟ་བའི་དུས་ཚོད་རིང་དྲགས་མི་རུང་།
3.བཪྙན་འཕྲིན་ལྟ་སྐབས་ཡག་ཤོས་ནི་རྒྱབ་ཏུ་ཤེལ་ཏོག་ཆུང་བའི་གློག་ཅིག་སྤར་ན་མིག་ལ་མི་གནོད་པའི་ཁྱད་པར་ཆེན་པོ་ཡོད།
4.བཪྙན་འཕྲིན་འཕྲུལ་འཁོར་གྱི་འོད་མདངས་སྙོམ་སྒྲིག་བྱ་རྒྱུ་མཐོ་དྲགས་མི་རུང་། མིག་ནད་གཤེར་ཚག་གི་རྒྱུ་རྐྱེན་ནད་རྟགས་གསོ་བཅོས། རྒྱུ་རྐྱེན། མིག་ནད་གཤེར་ཚག་ཁྲག་དང་མཁྲིས་པ་ལས་གྱུར། ནད་རྟགས། མིག་དམར་ཞིང་ཚ་བ། ཉི་མ་མི་བཟོད་པ། མིག་མཆི་མས་ཁེངས། གཞན་མིག་ལྕིབས་ཤ་སྤྲིན་མཐུག་པོ་སྟེང་གཉན་ཚད་འགོས་ལ་མིག་རིམས་ཟེར། གསོ་བཅོས་ཐད། གཤེར་ཚག་དཔྲལ་རྩ་མིག་རྩ་སྣ་རྩེ་གཏར། སྐྱེར་པའི་ཁན་ར་འོ་སྦྱར་བ་བྱུག མིག་ཚག་ཀུན་ལ་སག་རྩི་ཚ་བ་གསུམ། ཡུང་བ་དུང་དང་ཏི་ཚ་སེར་པོ་དང་། མར་གསར་མར་ལོང་གཡའ་དང་སྦྱར་ལ་བྱུག གཞན་ཡང་། མཆིན་པ་ཚོན་པོ་ཆུར་སྦངས་ཆུ་སེར་བཏོན། ཞིབ་བརྡུངས་མར་བཙོས་ཚ་གསུམ་སྦྲང་རྩི་བཏབ། མཆིན་པའི་རླངས་པས་མིག་ཚག་སེལ་བར་བྱེད། །
རྩོམ་སྒྲིག་པ། རྡོ་རྗེ་བཀྲ་ཤིས།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།