中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཅོ་ནེ་རྫོང་ཁྱ་དགེ་ཤང་སྒྲིག་ཨུས་དབུལ་ཐར་མཁྲེགས་གཏོར་ལ་ཆེད་དོན་ལྟ་ཞིབ་བྱས།
དུས་ཚོད།2017-10-18 18:29:43     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་དབུལ་སྐྱོར་བྱ་བའི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་སྒྲིག་ཨུའི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་དང་འགན་འཁྲི་རྩད་གཅོད་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན།  ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པ་དང་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ། རྫོང་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་དགོངས་དོན་བཅས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཞིབ་བཤེར་གཉིས་དང་ཁག་ཐེག་གཉིས་ཀྱི་ཆེད་དོན་བྱེད་སྒོ་མུ་མཐུད་གཏིང་ཟབ་སྤེལ་བ། དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྒྲིག་ཁྲིམས་ལག་བསྟར་ལ་ལྟ་སྐུལ་དང་འགན་འཁྲི་རྩད་གཅོད་བྱ་བ་ནན་ཏན་སྒོས་སྤེལ་ཆེད། 2017ལོའི་ཟླ་དགུ་བའི་ཚེས་བཅོ་ལྔའི་ཉིན།  ཁྱ་དགེ་ཤང་སྒྲིག་ཨུས་ཤང་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་བྱ་བ་སྤེལ་ཚུལ་ལ་ཆེད་དོན་ལྟ་ཞིབ་བྱས། ཐེངས་འདིའི་ལྟ་ཞིབ་ཀྱིས་སྙན་ཞུ་ལ་ཉན་པ་དང་། རྒྱུ་ཆ་ལྟ་ཀློག ཡུལ་དངོས་ཞིབ་བཤེར། ཁ་པར་གྱི་ལམ་ནས་འཐེན་ཞིབ་སོགས་རྣམ་པ་སྤྱད་ནས་འཚམས་འདྲི་ཆེན་པོ་དང་རོགས་སྐྱོར་ཆེན་པོའི་བྱེད་སྒོ་དང་། གཅིག་ཅན་བཞི་ཡི་བྱ་བའི་སྒྲིག་གཞི་འཛུགས་པ། དབུལ་སྐྱོར་ཡིག་ཚགས་ཚད་ལྡན་ངང་ལེགས་སྒྲིག དབུལ་སྐྱོར་ལས་གཞི་སྐུལ་འདེད་སོགས་དབུལ་ཐར་མཁྲེགས་གཏོར་བྱ་བ་སྐུལ་འདེད་དང་དོན་འཁྱོལ་བྱེད་ཚུལ་གཙོ་བོར་བཟུང་ནས་ལྟ་ཞིབ་བྱས་ཏེ་གནས་ཚུལ་དངོས་རྒྱུས་ལོན་དང་གནད་དོན་གཙོ་བོ་ཤེས་རྟོགས་བྱུང་བ་མ་ཟད། བྱ་བ་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་། ལྟ་ཞིབ་ཀྱིས་དབུལ་ཐར་མཁྲེགས་གཏོར་བྱ་བ་སྐུལ་འདེད་བྱེད་པའི་ཁྲོད་གནས་པའི་གནད་དོན་ལ་དམིགས་ནས་ཡིག་ཐོག་ནས་དུས་བཅད་ལྟར་དག་བཅོས་བྱེད་པའི་བརྡ་ཐོ་བཀྲམ་རྒྱུ་ཡིན་ལ། ད་དུང་རྗེས་འདེད་རྩད་ཞིབ་བྱ་རྒྱུ་ཡིན། དག་བཅོས་ཀྱི་བརྡ་ཐོ་འབྱོར་རྗེས་སྡེ་བ་སོ་སོས་དུས་བཅད་ལྟར་དག་བཅོས་བྱ་དགོས།  དག་བཅོས་ལེགས་པོ་མ་བྱས་པ་ཤང་སྒྲིག་ཨུས་ཤང་གི་ལས་བགོས་འགན་ཁུར་བ་དང་དབུལ་སྐྱོར་ཆེད་དམིགས་ལས་བྱེད་པར་ཆེད་དུ་ཁ་བརྡ་བྱ་རྒྱུ་ཡིན། སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་ལེགས་པོ་མ་བྱས་པ་དུས་བཅད་ལྟར་དག་བཅོས་བྱེད་པའི་དུས་མཚུངས་སུ་ལྟ་ཞིབ་གྱི་མཇུག་འབྲས་དེ་དབུལ་སྐྱོར་བྱ་བའི་ལོའི་དཔྱད་ཞིབ་ནང་འཇུག་རྒྱུ་ཡིན།།
སྐལ་བཟང་བྱམས་པ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།