中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཅོ་ནེ་རྫོང་ཁྱ་དགེ་ཤང་སྒྲིག་ཨུས་རྩ་འཛུགས་སྒོས་བསྒྱུར་གསུམ་སྐུལ་གསུམ་གྱི་བྱེད་སྒོ་རིམ་པ་བཞིན་སྤེལ་བ།
དུས་ཚོད།2017-10-21 13:09:08     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ཀན་སུའུ་ཡི་ཤུགས་འདོན་བརྒྱད་ལ་གཟིགས་ཞིབ་བྱེད་སྐབས་ཀྱི་མཛུབ་སྟོན་དགོངས་དོན་དང་།  ཞིང་ཆེན་དང་ཁུལ།  རྫོང་ཨུ་  བཅས་ཀྱིས་བསྒྱུར་གསུམ་སྐུལ་གསུམ་སྐོར་གྱི་ཆེད་དོན་བྱེད་སྒོ་སྤེལ་བའི་བླང་བྱ་ལྟར། ཁྱ་དགེ་ཤང་སྒྲིག་ཨུས་འགན་མི་འཁུར་བ་དང་བྱ་བ་དང་དུ་མི་ལེན་པའི་གནད་དོན་བཅོས་བསྒྱུར་བྱེད་པ།  གནས་ཚུལ་རྫུན་བཟོ་བཅོས་བསྒྱུར་བྱེད་པ། ཀྲུང་དབྱངས་དང་ཞིང་ཆེན།  ཁུལ་དང་རྫོང་ཨུའི་འཐབ་བཀོད་ལག་བསྟར་སྐུལ་འདེད་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་བདེ་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ། ཏང་ཡོན་ལས་བྱེད་པའི་ཀུན་སྤྱོད་ལེགས་བསྒྱུར་ལ་སྐུལ་འདེད་གཏོང་བ་བཅས་ནང་དོན་ཡིན་པའི་བསྒྱུར་གསུམ་སྐུལ་གསུམ་གྱི་ཆེད་དོན་བྱེད་སྒོ་ནན་ཏན་སྒོས་སྤེལ་བ། 
    གཅིག བསྒྱུར་གསུམ་སྐུལ་གསུམ་གྱི་རྩ་དོན་གཙོ་བོར་བཟུང་ནས་དེ་དང་འགལ་བའི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་དམིགས་ཡུལ་དུ་འཛིན་པ། བྱེད་སྒོའི་འཆར་གཞི་གཏན་ལ་འབེབས་པ་དང་བྱ་བའི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། ལས་སྒོས་འགན་འཁུར་གསལ་བོ་བྱེད་པ་དང་བྱ་བ་བྱེད་ཐབས་ལ་ཤུགས་བསྣོན་པ། དངོས་དོན་དམ་དུ་འཛིན་པ་ཁག་ཐག་བྱེད་པ།  
     གཉིས། རང་བཤེར་རང་བཅོས་ཀྱི་བྱེད་སྒོ་ནན་ཏན་སྒོས་སྤེལ་ཏེ།  ཕྱོགས་མང་པོ་དང་ཐབས་སྣ་ཚོགས་ཀྱི་སྒོ་ནས་གནད་དོན་འཚོལ་ཞིབ་བྱེད་པ། ཚོར་བའི་གནད་དོན་ཚང་མ་རེ་རེ་བཞིན་གསལ་བོར་བཀོད་རྗེས་དེ་དག་ཚང་མ་ཚན་རིག་དང་མཐུན་པའི་བསྒྱུར་བཅོས་བྱེད་ཐབས་དང་བསམ་འཆར་སྣ་མང་བཏོན་དེ། བསྒྱུར་བཅོས་རྒྱུན་ཐག་དམ་འཛིན་བྱ་དགོས་པ། མང་ཚོགས་ཀྱང་བསྒྱུར་གསུམ་སྐུལ་གསུམ་གྱི་བྱེད་སྒོར་ཞུགས་པར་སྐུལ་མ་གཏོང་དགོས་པ་མ་ཟད་མང་ཚོགས་ཀྱིས་ལྟ་སྐུལ་བྱེད་པ་ཡང་དང་དུ་ལེན་དགོས།
    གསུམ། ད་ལོ་ནི་མངོན་བཤེར་ལྐོག་འདྲི་ལྟ་ཞིབ་ལོ་ཡིན་པས་དེ་དང་འབྲེལ་ཏེ། བསྒྱུར་གསུམ་སྐུལ་གསུམ་གྱི་ཆེད་དོན་བྱེད་སྒོའི་གནས་ཚུལ་དེ་ལྟ་ཞིབ་བྱ་བའི་ཁྲོད་ཀྱི་ཆེས་གལ་ཆེན་དུ་བཟུང་ནས་ཞིབ་བཤེར་བྱེད་པ་དང་། བྱ་བའི་འཁོར་སྐྱོད་གནས་ཚུལ་ཕྱོགས་ཡོངས་ནས་ཁུང་དུ་ཆུད་དགོས་པ་མ་ཟད་དུས་བཅད་ལྟར་བྱ་བ་སྒྲུབ་ཚད་ཀྱི་གནས་ཚུལ་སྤྱི་བསྡོམས་བྱ་དགོས། ཤང་སྒྲིག་ཨུས་མངོན་བཤེར་ལྐོག་འདྲི་དང་ཆེད་དོན་ཞིབ་གཤེར། དུས་བཅད་བལྟ་ཞིབ་སོགས་རྣམ་པ་མང་པོའི་སྒོ་ནས་བྱ་བའི་འཁོར་སྐྱོད་གནས་ཚུལ་དང་བྱ་བ་བྱེད་ཐབས་གནད་དུ་འཁེལ་མིན། བྱ་བ་སྒྲུབ་པར་གྲུབ་འབྲས་ཐོན་ཡོད་མེད་ལ་བལྟ་ཞིབ་བྱེད་པ་བཅས་སོ།།
                                                   
                                                      སྐལ་བཟང་བྱམས་པ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།