中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། མཁྲིས་རྡོ་འདོན་ཐབས་སྟབས་བདེ་ཞིག
དུས་ཚོད།2017-11-10 09:41:00     རྩོམ་གྱི་ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།     ཆུང་། | འབྲིང་། | ཆེ།
  སྤྱིར་མཁྲིས་རྡོའི་དཀའ་ངལ་དེ་མི་ཁ་ཤས་ལ་མ་གཏོགས་མེད་པ་ལྟར་སྣང་ཡང་། དོན་དངོས་སུ་ང་ཚོ་ཚང་མར་ཆེ་ཆུང་དང་། མང་ཉུང་ལ་མ་ལྟོས་པའི་མཁྲིས་རྡོ་ཡོད། མཁྲིས་རྡོ་ཀྱང་སྐྲན་ནད་འཁྲིད་ཡོང་གི་ཡོད། མཁྲིས་རྡོའི་ནད་རྟགས་ལ་ལྟོ་ཆས་མང་པོ་ཟོས་རྗེས་ཁོག་པ་སྦོས་ཡོང་བ་དང་། ཟས་འཇུ་མི་ཐུབ་པ་ལྟ་བུའི་ཚོར་སྣང་ཡོང་གི་ཡོད། དེ་ཚབས་ཆེ་རུ་ཕྱིན་ན་མཆིན་པའི་གཡས་གཡོན་དུ་ཟུག་གཟེར་ཡང་ལང་གི་ཡོད། གལ་སྲིད་ཁྱེད་རང་ལ་མཁྲིས་རྡོའི་དཀའ་ངལ་ཡོང་རྒྱུར་དོགས་པ་ཡོད་ན་སྨན་པ་ལའི་ཆིའུ་ནན་Dr.Lai Chiu Nanཟེར་བས་མཁྲིས་རྡོ་རང་བཞིན་གྱིས་འདོན་ཐབས་དོན་ཚན་ལྔ་ཅན་ཞིག་གསུངས་འདུག་པས་དེར་དོ་སྣང་བྱོས། འདོན་ཐབས་དེས་མཆིན་པ་ཡག་པོ་མེད་པའི་རིགས་ལ་ཡང་ཕན་ཐོགས་རྒྱུ་རེད། གང་ཡིན་ཟེར་ན་མཁྲིས་པ་དང་མཆིན་པ་གཉིས་སྦྲེལ་ནས་ཆགས་ཡོད།
༡ཉིན་ལྔའི་རིང་ཟས་རན་ཙམ་སྟེན་པ་་དང་། ཀུ་ཤུའི་ཁུ་བ་ཤེལ་ཕོར་བཞི་རེ་འཐུང་བ། ཀུ་ཤུ་བཞིའམ་ལྔ་རེ་ཟ་དགོས། ཀུ་ཤུའི་ཁུ་བས་མཁྲིས་རྡོ་སྙི་མོ་བཟོ་གི་ཡོད།
༢ ཉིན་དྲུག་པར་དགོང་ཟས་སྤང་དགོས།
༣ དེ་ཉིན་དགོང་དྲོའི་ཆུ་ཚོད་༦: ༠༠ཙམ་ལ་ཆུ་ཚ་པོའི་ནང་ཚྭ་དཀར་གཡའ།Epsom salt( མེག་ནི་སི་ཡང། སྒྱུར་ཚྭ། magnesium sulphate) བཏབ་ནས་འཐུང་དགོས།
༤ ཆུ་ཚོད། ༨: ༠༠ཡང་བསྐྱར་གོང་བཞིཔ་ཆུ་ཚ་པོ་ནང་ཚྭ་དཀའ་གཡའ་བཏབ་ནས་འཐུང་དགོས། magnesium sulphateཡིས་མཁྲིས་སྣོད་གི་གཤེར་སྦུག་ཁ་ཕྱེ་ཡི་ཡོད།
༥ ཆུ་ཚོད་༡༠  : ༠༠ཙམ་ལ་ཨོ་ལི་སྣུམ་(  olive oil  ) མམ་ཏིལ་གྱི་སྣུམ་( sesameoil) གང་རུང་ཞིག་ཤེལ་ཕོར་ཕྱེད་དང་ ལི་བུའི་( lemon) ཁུ་བ་ཤེལ་ཕར་ཕྱེད་མཉམ་དུ་དཀྲུགས་རྗེས་འཐུང་དགོས། སྣུམ་གྱིས་རྡོ་འཇམ་པོ་བཟོས་ནས་ཕྱི་ལ་འཐོན་རྒྱུར་གྲོགས་བྱེད་ཀྱི་ཡོད། དེའི་སང་ཉིན་ཁྱོད་ཀྱིས་བཤང་ལྕིའི་ནང་རྡོ་ལྗང་ནག་དེ་འདྲ་ཐོན་ཡོད་པ་མཐོང་གི་རེད། དེ་ནི་ཁྱོད་ཀྱི་མཁྲིས་རྡོ་ཕྱིར་ཐོན་པ་རེད་ལ། ཁྱོད་རང་གི་ནད་གཞི་ཞིག་ཕྱིར་ཐོན་པ་རེད། མདོར་ན་ནད་དེས་ཁྱོད་བདེ་བར་བཞག་ནས་ཕྱིར་ཐོན་སོང་བ་རེད། ཡང་མི་ལ་ལ་ཞིག་རྡོ་མང་པོ་ཐོན་ན་སེམས་མི་བདེ་བར་གྱུར་སྲིད་ཀྱང་། དེ་ལྟར་སེམས་མི་བདེ་བ་བྱ་དགོས་དོན་མེད་པ་འདྲ། སྨན་པ་ཆིའུ་ནན་གྱིས། ཁོང་གིས་རྡོ་༤༠དང་༥༠ད་དུང་༡༠༠ཐོན་མཁན་དེ་འདྲ་ཡང་མཽང་མྱོང་ཞེས་བཤད་འདུག གལ་སྲིད་ཁྱེད་རང་མཁྲིས་རྡོའི་ནད་རྟགས་མེད་མཁན་ཞིག་ཡིན་ན་ཡང་ཁྱེད་རང་ལ་མཁྲིས་རྡོ་མེད་པ་མིན། དེར་བརྟེན་མཁྲིས་རྡོ་སྔ་ཙམ་གཙང་སེལ་བཟོ་ཐུབ་ན་ཁྱེད་རང་གི་ལུས་ཁམས་བདེ་ཐང་ཕན་ངེས་ཡིན། །
རྩོམ་སྒྲིག་པ། རྡོ་རྗེ་བཀྲ་ཤིས།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།