中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཅོ་ནེ་རྫོང་ཁྱ་དགེ་ཤང་སྒྲིག་ཨུས་རྩ་འཛུགས་སྒོས་བསྒྱུར་གསུམ་སྐུལ་གསུམ་གྱི་ཆེད་དོན་བྱ་བར་སྐུལ་འདེད་གྲོས་ཚོགས་བསྡུས་པ།
དུས་ཚོད།2017-11-14 17:11:06     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    ཉེ་སྔོན།  ཁྱ་དགེ་ཤང་སྒྲིག་ཨུས་རྩ་འཛུགས་སྒོས་བསྒྱུར་གསུམ་སྐུལ་གསུམ་གྱི་ཆེད་དོན་བྱ་བར་སྐུལ་འདེད་གྲོས་ཚོགས་བསྡུས། གྲོས་ཚོགས་ཀྱིས་ཆེད་དོན་བྱེད་སྒོའི་རང་བཤེར་གནད་དོན་དག་ཐེར་སྙན་ཞུ་བྱས་པར་ཡང་བསྐྱར་བཀོད་སྒྲིག་བྱས།  ཤང་ཏང་ཨུ་དང་སྲིད་གཞུང་གི་ལས་བྱེད་པ་ཡོངས་དང་སྡེ་བ་སོ་སོ།  ཤང་ཁོངས་གཏོགས་ལས་ཁུངས་སོ་སོའི་འགན་ཁུར་བ་བཅས་མི60ལྷག་གྲོས་ཚོགས་ལ་ཞུགས།
    གྲོས་ཚོགས་ཀྱིས་བསྟན་དོན།  ལས་བྱེད་པ་ཡོངས་ཀྱིས་བསྒྱུར་གསུམ་སྐུལ་གསུམ་གྱི་བྱེད་སྒོ་སྤེལ་བའི་གལ་ཆེའི་གནད་དོན་ངོས་ཟིན་གསལ་བོ་ཡོད་དགོས་པ་དང་། རང་གི་བྱ་བའི་ཁྲོད་དུ་གནས་པའི་གནད་དོན་སྣ་ཚོགས་དེ་རང་སྒེར་གྱིས་འཚོལ་ཞིབ་བྱས་ནས།  དེ་དག་ཚང་མ་རེ་རེ་བཞིན་ནན་ཏན་སྒོས་དག་ཐེར་བྱས་ཏེ་ཤང་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བློ་བརྟན་འགྱུར་མེད་ཀྱི་སྤོབས་པ་ཞིག་འདོན་སྤྲོད་བྱེད་པར་ཁག་ཐག་བྱ་དགོས།
    གཅིག་ནི་ཆེད་དོན་བྱེད་སྒོ་སྤེལ་བ་དེ་གལ་ཆེན་རང་བཞིན་ཅན་ཞིག་ཡིན་པ་གསལ་བོར་ཤེས་དགོས་པ་དང་།  ཏང་ཡོན་ལས་བྱེད་པ་ཚང་མས་བསྒྱུར་གསུམ་སྐུལ་གསུམ་གྱི་ཆེད་དོན་བྱེད་སྒོ་སྤེལ་བ་དེའི་དོན་སྙིང་དེར་ངོས་ཟིན་གསལ་བོར་ཡོད་དགོས།   འདུ་ཤེས་བཞིའི་སྤྱོད་པ་འགྱུར་ལྡོག་འབྱུང་བར་ཤུགས་བསྣན་དེ་བྱ་བ་གསར་གཏོད་ཀྱི་ཡིད་ཆེས་དང་སྤོབས་པ་དེ་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། བྱ་བ་སོ་སོར་གྲུབ་འབྲས་གསར་བ་ལོན་པར་སྐུལ་འདེད་གཏོང་དགོས།
    གཉིས་ནི་བྱ་བའི་ཁྲོད་ཀྱི་དཀའ་གནད་འཚོལ་ཞིབ་བྱས་ཏེ་འབུར་ཏུ་ཐོན་པའི་གནད་དོན་ཐག་གཅོད་པར་ཤུགས་བསྣོན་པ་དང་།  སྦྱོང་གཉིས་བྱེད་གཅིག་རྒྱུན་ལྡན་ཅན་གྱི་ལམ་ལུགས་དང་ཏང་འཛུགས་བཀོད་འདོམས་ཀྱི་ནུས་པ་གཅིག་དང་གསར་གཏོད་གསུམ་གྱི་བྱེད་སྒོ་དང་འབྲེལ་ཏེ། ཤུགས་བསྣོན་བརྒྱད་ཀྱི་གལ་ཆེའི་འཛུབ་སྟོན་དགོངས་དོན་དམིགས་སུ་བཟུང་ནས་བྱ་བར་འགན་མི་ཁུར་བ་དང་དམངས་ལ་ཞབས་ཞུ་མི་སྒྲུབ་པ། འོས་འགན་ལག་བསྟར་བྱེད་པར་རྫུན་བཟོ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་དགོས།
    གསུམ་ནི་གནད་འགག་དམ་འཛིན་བྱས་ཏེ་ཆེད་དོན་བྱེད་སྒོ་སྤེལ་བར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསྒྱུར་གསུམ་སྐུལ་གསུམ་གྱི་བརྗོད་དོན་གཞིར་བཟུང་སྟེ་རང་གི་བྱ་བའི་དོན་དངོས་དང་འབྲེལ་བ་དམ་པོའི་སྒོས་གནད་དོན་འཚོལ་ཞིབ་བྱས་ཏེ། ཚོར་བའི་གནད་དོན་ཚང་མ་རེ་རེ་བཞིན་དག་ཐེར་བྱ་དགོས་པ་དང་། མང་ཚོགས་ཀྱིས་བྱ་བ་བསྒྲུབ་དུས་ནང་འོང་དཀའ་བ་དང་ངོར་བལྟ་དཀའ་བ། ལས་བསྒྲུབ་དཀའ་བ་སོགས་ཀྱི་གནད་དོན་རྩ་བ་ནས་ཐག་གཅོད་བྱས་ཏེ། མང་ཚོགས་ཀྱིས་ང་ཚོའི་བྱ་བ་བསྒྲུབ་ཚུལ་བསྒྱུར་བཅོས་བྱས་ཡོད་པའི་གྲུབ་འབྲས་ངོ་མ་དེ་མཐོང་དུ་འཇུག་དགོས།
    བཞི་ནི་འགོ་ཁྲིད་རྩ་འཛུགས་ལ་ཤུགས་བསྣན་དེ་བྱེད་སྒོ་སྤེལ་བར་དོན་དངོས་ཀྱི་གྲུབ་འབྲས་ལོན་པར་ཁག་ཐག་བྱ་དགོས། ལས་ཁུངས་སུ་འགོ་བ་དང་པོས་དངོས་སུ་གཙོ་འགན་ཁུར་བ་དང་ཁོངས་མི་དག་གིས་རང་གི་ལས་བགོས་ཀྱི་འགན་ཁུར་བའི་བྱ་བའི་རྣམ་པ་དེ་གྲུབ་སུ་འཇུག་དགོས་པ་དང་། རིམ་པས་རིམ་པ་སྣེ་ཁྲིད་པ་དང་བདག་དམ་བྱེད་པ། འགན་འཁུར་བ་བཅས་རིམ་པས་རིམ་པ་བརྒྱུད་སྤྲོད་བྱས་པའི་བསྣོན་ཤུགས་ཏེ་ཏང་ཡོན་ལས་བྱེད་པ་རེ་རེའི་སྟེང་དུ་ཐོན་དུ་བཅུག་སྟེ།  ཆེད་དོན་བྱེད་སྒོའི་དམིགས་འབེན་འགན་ཁུར་ཚང་མ་དོན་ཐོག་ཏུ་འཁྱོལ་བར་ཁག་ཐག་བྱ་དགོས་སོ།།   (སྐལ་བཟང་བྱམས་པ་ཡིས།)
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།