中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། འབྲུག་ཆུའི་ཨུ་པེ་ཤང་གིས“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”གི་ལམ་ལུགས་ནན་འཛིན་བྱེད་པ་དོན་འཁྱོལ་བྱས་པ།
དུས་ཚོད།2018-07-13 15:44:45     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།     ཆུང་། | འབྲིང་། | ཆེ།
   (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན) འབྲུག་ཆུ་རྫོང་ཨུ་པེ་ཤང་གིས་ཐབས་མང་མཉམ་འདོན་བྱས་ནས“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”གི་ལམ་ལུགས་ནན་འཛིན་བྱེད་པ་དོན་འཁྱོལ་བྱས།   
    “ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”གི་ལོ་འཁོར་འཆར་གཞི་བཀོད་པ་དང་ཨུ་པེ་ཤང་ཏང་འཛུགས་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ཏེ་ཏང་ཀྲི་པུའུ་སོ་སོར་ཏང་འཛུགས་མཛུབ་སྟོན་མཁན་དང་ཏང་འཛུགས་ཆེད་གཉེར་ལས་བྱེད་པ་བསྐོ་གཞག་བྱས། ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་ཏང་གི་ཚན་ཆུང་གྲོས་ཚོགས་ཀྱི་ཚོགས་འདུའི་རྣམ་པ་སྤྱད་དེ། ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་དུས་ལྟར་ཏང་གི་སློབ་ཁྲིད་ཚོགས་པར་ལྟ་སྐུལ་བྱས་ནས་བྱ་འགུལ་གྱི་ནུས་པ་ལ་དངོས་ཕན་འཐོབ་ཏུ་བཅུག “ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”གི་དཔྱད་ཞིབ་གདེང་འཇོག་ལམ་ལུགས་གཏན་འབེབས་བྱས་ནས་དོན་འཁྱོལ་གནས་ཚུལ་ལ་དུས་ཚིགས་གཅིག་ལ་ལྟ་ཞིབ་ཐེངས་གཅིག་དང་བརྡ་ཁྱབ་ཐེངས་གཅིག ལོ་ཕྱེད་ལ་ཕྱོགས་སྡོམ་ཐེངས་གཅིག་བྱས་ཏེ། དུས་ལྟར་གནད་དོན་རྟོགས་ནས་སྒྲིག་བཅོས་དོན་འཁྱོལ་བྱེད་པར་སྐུལ་བ་དང་། འདྲི་རྩད་འགན་འཁྲིའི་རྐྱེན་སྲོལ་བཙུགས་ནས་ཏང་གི་རྩ་འཛུགས་ཀྱི་འཚོ་བ་དམ་ཟབ་ཡོང་བ་ཁག་ཐེག་བྱས།
    ཁོར་ཡུག་གཙང་སྦྲ་ལེགས་སྒྲིག་དང་གནད་ཁེལ་དབུལ་ཐར། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་སོགས་བྱ་བར་གཞིགས་ནས་བྱ་འགུལ་གྱི་རྣམ་པ་གསར་གཏོད་བྱེད་པ་དང་། དུས་བཅད་ལྟར་སྤུས་ཚད་མཐོ་བའི་ཏང་ཡོན་ཞེས་པའི་བརྗོད་གཞིའི་བྱ་འགུལ་རྩ་འཛུགས་བྱས་ཏེ་སྤེལ་ཞིང་། ཏང་ཡོན་གྱི་ཏང་གི་འདུ་ཤེས་དང་དམིགས་ཡུལ་གྱི་འདུ་ཤེས་ལ་ཤུགས་བསྣན། དམིགས་ཚད་མཐོ་བའི་ཏང་འཛུགས་དཔེ་སྟོན་ཁུལ་བཙུགས་པ་དང་སྡེ་བ་སོ་སོའི་ལས་བྱེད་པ་རྩ་འཛུགས་བྱས་ནས་ལྟ་སྦྱོང་སྦྱོང་བརྡར་བྱས་པ་དང་ཡུལ་དངོས་ནས་སྡེ་བ་སོ་སོའི་ཏང་ཀྲི་པུའུ་ལ་ཏང་འཛུགས་བྱ་བ་ཅི་ལྟར་འཛིན་དགོས་པ་ཁྲིད་སྟོན་བྱས། “ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”དང་ཏང་གི་ཉིན་མོའི་བརྗོད་བྱ་སོགས་ལམ་ལུགས་བར་དང་ཟུང་དུ་སྦྲེལ་ནས་དངོས་ནས་ཏང་ནང་ཁུལ་གྱི་རྩ་འཛུགས་འཚོ་བར་བརྗོད་བྱ་ཡོད་པ་དང་སྤུས་ཚད་ཡོད་པ་ཞིག་ཏུ་བསྒྱུར་བ་དང་། “ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”གི་ལམ་ལུགས་དང་ཏང་ནང་ཁུལ་གྱི་རྩ་འཛུགས་འཚོ་བ་དེ་ཏང་ཀྲི་པུའུ་ཧྲུའུ་ཅི་སོ་སོས་གཞི་རིམ་ཏང་འཛུགས་བྱ་བའི་སྒྲུབ་ཚུལ་ལ་དཔྱད་ཞིབ་བྱེད་པའི་ནང་དོན་གཙོ་བོར་བཟུང་ནས་དོན་འཁྱོལ་ནན་མོ་བྱས་ཏེ། “ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”དེ་ཕྱིའི་རྣམ་པ་ཅན་དུ་འགྱུར་བར་སྔོན་འགོག་བྱས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།