中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། བསང་ཆུ་རྫོང་གིས་ལྗང་མདོག་ལ་སྐུལ་འདེད་བཏང་ནས་ཤང་སྡེ་དར་སྤེལ་བཏང་བ།
དུས་ཚོད།2018-10-16 10:54:13     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)བསང་ཆུ་རྫོང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བ་དེ་ཤང་སྡེ་དར་སྤེལ་གཏོང་བའི་ལས་འགན་གཙོ་བོ་རུ་བཟུང་ནས། 2017ལོར་རྫོང་ཡོངས་ཀྱི་རོང་འབྲོག་པ་མང་ཚོགས་ཀྱིས་ཆ་སྙོམས་བཀོལ་ཆོག་པའི་ཡོང་སྒོ་སྒོར 7035ཡོད་པ་དང་འཕར་ཚད 9.2%ལ་བསླེབས། དབུལ་ཕོངས་མང་ཚོགས་ཀྱི་ཆ་སྙོམས་བཀོལ་ཆོག་པའི་ཡོང་སྒོ་སྒོར 4651ཡོད་པ་དང་། འཕར་ཚད 13%ལ་བསླེབས། “སེམས་ཁྲལ་མེད་པ་གཉིས”ཀྱི་གནད་དོན་ཕལ་ཆེར་ཐག་གཅོད་ཐུབ་པ་བྱུང་། བདེ་འཇགས་འཐུང་ཆུའི་ཚད 100%ཡིན་པ་དང་། “སློབ་ཤོར་མེད་པར་ཁག་ཐེག”ཡོད་པའི་ཆེད་དོན་བྱ་འགུལ་གཏིང་ཟབ་ངང་སྤེལ་ནས།  བྱིས་པ 1312ཕྱིར་སློབ་གྲྭ་བསྐྱལ་བར་ཁ་ཏ་སློབ་གསོ་ཐོབ། ལོ་མཇུག་ཏུ་འོས་འགན་སློབ་གསོའི་ཚད 95%ཡན་ལ་བསླེབས་པ་དང་། རོང་འབྲོག་སྡེའི་མི་གྲངས་སྨན་བཅོས་འགན་ལེན་ལ་ཞུགས་ཚད 99.01%ལ་བསླེབས། དབུལ་ཕོངས་མི་གྲངས་མཉམ་ལས་སྨན་བཅོས་ལ་ཞུགས་ཚད་བརྒྱ་ཆའི་བརྒྱ་ཡིན།
    བསང་ཆུ་རྫོང་གིས་བླ་བྲང་དགོན་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཤང་སྡེའི་ཡུལ་སྐོར་གོང་འཕེལ་ཇེ་མགྱོགས་སུ་བཏང་ནས། དོམ་ལུང་ནང་དང་ཉི་མའི་ལུང་བ་སོགས་ཡུལ་སྐོར་ཆེད་ལས་སྡེ་བ 28འཛུགས་སྐྲུན་བྱས་ནས་རིམ་བསགས་ཀྱིས་བརྩིས་ན་རང་སྐོར་སྒར་ཁ་དང་སྦྲ་སྒར། ཞིང་ཁྱིམ་དང་འབྲོག་ཁྱིམ་སྤྲོ་ར་སོགས 276རོགས་འཛུགས་བྱས་ཡོད། ཟླ 8པའི་ཟླ་མཇུག་ཐུག་བར་དུ་རྫོང་ཡོངས་ཀྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་ཁྲི 225.2སྣེ་ལེན་བྱས་ཤིང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་སྒོ་སྒོར་དུང་ཕྱུར 10.2ཡོད་ལ། དེའི་ཁྲོད་དུ་ཤང་སྡེས་ཡུལ་སྐོར་བ་མི་ཐེངས་ཁྲི 10སྣེ་ལེན་བྱས་ཤིང་རོང་འབྲོག་དམངས་ 1200ལས་ཞུགས་བྱེད་པར་སྣེ་ཁྲིད་བྱས། ཡོང་སྒོ་སྒོར་ཁྲི 2000གསར་གཏོད་བྱས།
    བསང་ཆུ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་གྱི་ལས་གཞི་ལག་བསྟར་བྱས་པ། 2005ལོ་ནས་བཟུང་རྫོང་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ 172འཛུགས་སྐྲུན་བྱས་པ་དང་རྫོང་ཡོངས་ཀྱི་ཤང་གྲོང 14ཡི་སྲིད་འཛིན་སྡེ་བ 53གྱི་རང་བྱུང་སྡེ་བ 6161གི་མི 3.5དང་འབྲེལ་བ་ཡོད། དེའི་ཁྲོད་དུ་དབུལ་ཕོངས་སྡེ་བ 76དབུལ་ཕོངས་ཁྱིམ་ཚང 762ཀྱི་མི 3563ཡོད་ལ་སྤྱིའི་གཏོང་དངུལ་སྒོར་དུང་ཕྱུར 9.84ལ་བསླེབས།
    བསང་ཆུ་རྫོང་གིས་ཤུགས་ཆེན་སྒོས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཆེད་དོན་སྒྲིག་བཅོས་བྱ་འགུལ་ལོ་གསུམ་གྱི་རིང་ལ་སྤེལ་བས། ཟླ 8པའི་ཟླ་མཇུག་ཐུག་བར་དུ། རིམ་བསགས་ཀྱིས་བརྩིས་ན་སྒྲིག་བཅོས་མི་སྣ་མི་ཐེངས་ཁྲི 15མངགས་པ་དང་མ་དངུལ་སྒོར་ཁྲི 920བཏང་བ་དང་། ཁོར་ཡུག་སྲུང་སྐྱོང་གི་སྒྲིག་ཆས་སྣ་ཚོགས 260སྒྲིག་སྦྱོར་བྱས་པ་དང་ཆེད་དོན་སྒྲིག་བཅོས་དང་ཞིབ་བཤེར་བྱ་འགུལ་ཐེངས 500ལྷག་སྤེལ། གད་སྙིགས་ཏུན་ཁྲི 5ལྷག་གཙང་སེལ་བྱས།
བསང་ཆུ་རྫོང་གིས་ཤང་སྡེའི་སྒྲིག་བཅོས་མ་ལག་དང་སྒྲིག་བཅོས་ནུས་པ་དེང་རབས་ཅན་དེ་གཏན་འཇགས་སྲུང་སྐྱོབ་དང་འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་གནད་འགག་གི་བྱ་ཐབས་སུ་བཞག་ནས་གཏིང་ཟབ་སྒོས་སྤྱི་ཚོགས་བཅོས་སྐྱོང་གི་ཁྱད་ཆོས་སྒྲིག་སྲོལ་དབྱེ་ཞིབ་དང་སྒྲིག་བཅོས་ལ་སྐུལ་འདེད་དང་ཞབས་ཞུའི་ལྟེ་བ་གཞི་རིམ་དུ་སྤོ་སྒྱུར་བྱས་ནས་སྔར་ལས་ལྷག་པར་དུ་རོང་འབྲོག་སྡེའི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས། “ཤང་སྲོལ་དཔལ་ཡོན་དང་སྒྲིག་བཅོས་ནུས་ལྡན”ཡིན་པའི་དམིགས་འབེན་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་བཏིང་ངོ་།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།