中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཅོ་ནེ་རྫོང་གིས་དབུལ་སྐྱོར་མཁྲེགས་གཏོར་བྱ་བ་དམ་འཛིན་བྱས་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་འཛུགས་བྱས་པ།
དུས་ཚོད།2018-10-16 10:55:00     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
      (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཅོ་ནེ་རྫོང་གིས་དབུལ་སྐྱོར་མཁྲེགས་གཏོར་དེ་ཤང་སྡེའི་དར་སྤེལ་གྱི་བྱ་བ་གལ་ཆེན་དུ་བརྩིས་ཏེ་ཁྱིམ་ཚང 2056གི་མི 8676གནད་འགག་ཏུ་བཟུང་ནས་བྱ་ཐབས་ལེགས་བསྒྱུར་དང་དོན་འཁྱོལ་དམ་འཛིན་བྱས་ནས་རྫོང་ཡོངས་ཀྱིས་དུས་ལྟར“དབུལ་ཞྭ་ཕུད་པར”རྨང་གཞི་བརྟན་པོ་བཏིང་། གཙོ་བོ་སློབ་གསོ་དང་སྨན་བཅོས། འཕྲོད་བསྟེན། སྡོད་ཁང་སོགས་གོང་འཕེལ་དུ་བཏང་ནས། ལོ་དགུའི་འོས་འགན་སློབ་གསོ་མཁྲེགས་གཏོར་གཏོང་ཚད 95%ཡན་ཡིན་པ་དང་། དབུལ་ཕོངས་མི་གྲངས་སྨན་བཅོས་ཉེན་འགོག་འགན་ལེན་ལ་ཞུགས་ཚད 100%ཡིན། C དངDརིམ་པའི་ཉེན་ཁང་ཡོངས་མེད་པར་བྱས་ཤིང་རོང་འབྲོག་མང་ཚོགས་ཀྱི་གོང་འཕེལ་གྲུབ་འབྲས་རོལ་མྱོང་ཐུབ་པ་བྱུང་།
     ཅོ་ནེ་རྫོང་གིས་ཀླུ་ཆུའི་ཡུལ་སྲོལ་ལམ་ཐིག་ཏུ་མ་དངུལ་སྒོར་དུང་ཕྱུར 13.1བཏང་ནས་ཕྱོགས 12ཀྱི་ཐད་ནས་འཛུགས་སྐྲུན་བྱས། “བསྒྱུར་གསུམ”བསྒྱུར་བཅོས་ཚད་གཏོལ་སར་བརྩིས་ནས་ཤུགས་ཆེན་སྒོས་ཞིང་ཁྱིམ་སྤྲོ་ར་དང་ཤང་སྡེའི་ལྗོངས་ཁུལ་གསར་སྐྲུན་བྱས་ཏེ་ཕྱོགས་ཡོངས་ནས་ཤང་སྡེའི་རོལ་མྱོང་ལྗོངས་རྒྱུ་དང་ལྟ་སྐོར་ལྗོངས་རྒྱུ། གཏིང་ཟབ་ལྗོངས་རྒྱུ་སོགས་སྐུལ་འདེད་བྱས་ནས་རྫོང་ཡོངས་སུ་ཡུལ་སྐོར་ཆེད་ལས་སྡེ་བ 12གསར་དུ་བཙུགས་ཤིང་ཞིང་ཁྱིམ་སྤྲོ་རའི་ཁྱིམ་ཚང 130གོང་འཕེལ་དུ་བཏང་ནས་དབུལ་ཕོངས་ཁྱིམ་ཚང 488ཀྱི་ཡོང་སྒོ་འཕར་བར་སྐུལ་ཁྲིད་བྱས། མིག་སྔར་ཐུག་བར་དུ། ཡུལ་སྐོར་བ་མི་ཐེངས་ཁྲི 79.7སྣེ་ལེན་བྱས་ཤིང་ཡུལ་སྐོར་གྱི་ཡོང་སྒོ་སྒོར་དུང་ཕྱུར 4.1མངོན་འགྱུར་བྱུང་བ་དང་ཁྱིམ་ཚང་རེར་ཆ་སྙོམས་ཡོང་སྒོ་སྒོར་ཁྲི 4ལ་བསླེབས།
     ཅོ་ནེ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པ་གོ་རིམ་ངང་སྤེལ་བ། ཉེ་བའི་ལོར་འཛུགས་སྐྲུན་བྱས་པའི“དམར་པོའི་དཔའ་ཡུལ་སྡེ་བ”“ཞིང་རའི་ལི་སའེ་སྡེ་བ”“ལྐོག་གྱུར་གྱི་བརྒྱ་མཆེད་སྡེ་བ”“ངོ་མཚར་བའི་ཉིན་པ་སྡེ་བ”སོགས་སྐྱེ་ཁམས་རོལ་མྱོང་བྱེད་པའི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་རབ་དང་རིམ་པ་འཛུགས་སྐྲུན་བྱས། སྤྱིའི་གཏོང་དངུལ་སྒོར་དུང་ཕྱུར 17.7ཡིན་པའི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་གྱི་ལས་གཞི 150ལག་བསྟར་བྱས་ཤིང་རོང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང 6162ཀྱི་མི་ཁྲི 2.9ལ་ཁེ་ཕན་ཐོབ། ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་དབུལ་ཕོངས་སྡེ་བ 42ལ་ཁྱབ་པ་དང་འཛུགས་སྐྲུན་སྡེ་བའི་སྲང་ལམ་གཙོ་བོ་མཁྲེགས་བཟོ་བྱས།། 
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།