中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཟམ་ཚ་གྲོང་རྡལ་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཚོགས་ཀྱིས་ནུས་ཤུགས་ཡོད་རྒུས་དབུལ་ཐར་ལ་རོགས་འདེགས་བྱས་ཏེ“དབུལ་ཕོངས་ཀྱི་ཞྭ་མོ་ཕུད”པ།
དུས་ཚོད།2018-10-16 10:55:49     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
      (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཀླུ་ཆུ་རྫོང་ཟམ་ཚ་གྲོང་རྡལ་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཚོགས་ཀྱིས་གྲོང་རྡལ་ཏང་ཨུའི་ཡང་དག་པའི་འགོ་ཁྲིད་འོག་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཚོགས་འཛུགས་སྐྱོང་དང་ཏང་འཛུགས་སྐྱོང་།དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་སོགས་གཅིག་གྱུར་གྱིས་བཀོད་སྒྲིག་དང་སྐུལ་འདེད་གཏོང་བའི་འཕེལ་རྒྱས་ཀྱི་རིག་ལམ་རྒྱུན་འཁྱོངས་བྱས་ནས། རོང་འབྲོག་སྡེའི་ན་གཞོན་ཐོན་ལས་སྣེ་ཁྲིད་པར་སྐུལ་ཁྲིད་དང་། འདེབས་འཛུགས་ཁྱིམ་ཚང་ཆེ་གྲས་ཀྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་གཉེར་སྒྲུབ་སོགས་རྣམ་པ་གསར་བའི་འཛུགས་སྐྱོང་དང་། ཤེས་ཡོན་ལྡན་པ་དང་ལག་རྩལ་ཡོད་པའི་ན་གཞོན་དང་ཕ་ཡུལ་དུ་ཕྱིར་ལོག་པའི་ན་གཞོན་གྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་གཅིག་འདུས་སྟེང་སྣེ་ཁྲིད་དེ། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་གཞི་ཁྱོན་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བ་འབད་པ་ལྷུར་ལེན་བྱས།
     སྡེ་བའི་ཐུན་མོང་དཔལ་འབྱོར་བརྒྱུད་དེ་ན་གཞོན་ལས་གཏོད་པ་ཕྱུག་འགྱུར་བྱེད་པར་སྐུལ་ཁྲིད་བྱས། ཕུལ་བྱུང་གི་ན་གཞོན་སྐོར་ཞིག་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཚོགས་ཀྱི་དཔུང་ཁག་ཏུ་ནང་འགུག་ཐབས་བྱེད་ཅིང་། གུང་གཞོན་ཚོགས་པའི་དཔུང་ཁག་མུ་མཐུད་དུ་འཕེལ་རྒྱས་དང་རྒྱ་བསྐྱེད་བཏང་སྟེ། “ཚོགས་འདུ་གསུམ་དང་ལམ་ལུགས་གཉིས། སློབ་ཚན་གཅིག”དོན་འཁྱོལ་བྱེད་པ་སོགས་ཀྱི་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཚོགས་འཛུགས་སྐྱོང་བྱ་བའི་ལས་ཀར་རྒྱུན་མི་ཆད་པར་ཤུགས་བསྣན་པ་མ་ཟད། དང་བླངས་པའི་ཞབས་ཞུ་དང་ཁོར་ཡུག་གཙང་སྦྲ། ཁྲིམས་ལུགས་དྲིལ་བསྒྲགས་སོགས་ཀྱི་ཞབས་ཞུའི་ལས་དོན་ཧུར་ཐག་གིས་སྤེལ་ན། ཟམ་ཚ་གྲོང་རྡལ་གྱི་གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཚོགས་ཀྱིས་ཧུར་ཐག་གིས“སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར+མཉམ་ལས་ཁང+རོང་འབྲོག་ཁྱིམ་ཚང”གི་གཉེར་སྐྱོང་བྱེད་སྟངས་ལ་འཚོལ་ཞིབ་བྱས་ཤིང་ཤུགས་ཆེན་སྒོས་མཛོ་མོ་འཕེལ་བ་དང་རྩྭ་ཕག་གསོ་སྤེལ། ཕྱུགས་ལས་ཐོན་རྫས་ལས་སྣོན་ཐོན་ལས་སོགས་སྤེལ་ཏེ། སྡེ་བ་རིམ་པའི་ཐུན་མོང་དཔལ་འབྱོར་གྱི“ཁུག་སྟོང་སྡེ་བ”ཕྱོགས་ཡོངས་ནས་མེད་པར་བཟོ་བཞིན་ཡོད། མིག་སྔར་ཐུག་བར་དུ། གྲོང་རྡལ་ཡོངས་ཀྱི་སྲིད་འཛིན་སྡེ་བ་བཞི་ཡིས་སྲིད་གཞུང་གིས་རོགས་སྐྱོར་མ་དངུལ་སྒོར་ཁྲི 390སྡེབ་སྒྲིག་བྱས་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་དང་མཉམ་ལས་ཁང་དུ་མ་རྐང་ལ་བཞག་ནས་ཡོང་འབབ་སྒོར་ཁྲི37.51མངོན་འགྱུར་བྱུང་། ཕན་འབྲས་བགོ་བཤའ་རྒྱག་རྒྱུ་སྒོར་ཁྲི26.3ཡོད་ལ། དབུལ་བོའི་ཁྱིམ་ཚང་གི་ཡོང་འབབ་སྒོར 500འཕར་ཡོད། སྡེ་བའི་ཐུན་མོང་དཔལ་འབྱོར་འདི་དག་འཕེལ་རྒྱས་སྟོབས་ཆེན་དུ་ཕྱིན་པས་གྲོང་རྡལ་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་ལ་སྲ་མཁྲེགས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།