中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཀླུ་ཆུ་རྫོང་རྒྱ་ནག་པ་ཡོན་ཏན་རྒྱ་མཚོའི་སློབ་གསོ་སྐུལ་སྤེལ་ལྷན་ཚོགས་ཀྱིས2017ལོའི་སློབ་གྲྭ་འབྲིང་ཆུང་གི་མཐར་ཕྱིན་ཕུལ་བྱུང་སློབ་མར་བྱ་དགའ་སྤྲད་པ།
དུས་ཚོད།2018-12-19 11:11:11     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    ན་ནིང་ལོར། ཀླུ་ཆུ་རྫོང་རྒྱ་ནག་པ་ཡོན་ཏན་རྒྱ་མཚོའི་སློབ་གསོ་སྐུལ་སྤེལ་ལྷན་ཚོགས་ཀྱིས2017ལོའི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་མཐར་ཕྱིན་ཕུལ་བྱུང་སློབ་མར་བྱ་དགའ་སྤྲད།  2017ལོའི་སློབ་གྲྭ་ཆུང་འབྲིང་གི་མཐར་ཕྱིན་ལྷན་རྒྱུགས་ཁྲོད་ཕུལ་བྱུང་སྦྱང་འབྲས་བླངས་པའི་སློབ་མ12ལ་གཟེངས་བསྟོད་བྱ་དགའ་བྱིན་པ་སྟེ། སློབ་གྲྭ་འབྲིང་ཆུང་གི་མཐར་ཕྱིན་ལྷན་རྒྱུགས་ཁྲོད་སློབ་ཆུང་སྐོར་གྱི་སློབ་མ་ཚེ་རིང་སྒྲོལ་མ་སོགས་ཨང་གསུམ་པ་ཡན་བླངས་པའི་སློབ་མ་གསུམ་དང་། དམའ་འབྲིང་སྐོར་གྱི་ཨང་གསུམ་པ་ཡན་ཐོབ་པའི་སྙིང་མོ་འཚོ་སོགས་སློབ་མ་གསུམ། མཐོ་འབྲིང་སྐོར་གྱི་རིག་ཚན་དང་རྩིས་ཚན་གཉིས་ལས་ཨང་གསུམ་པ་ཡན་ཐོབ་མཁན་གྱི་སློབ་མ་རྡོ་རྗེ་དོན་གྲུབ་དང་སྙིང་མོ་ཐར་སོགས་སློབ་མ་དྲུག་བཅས་བསྡོམས་པས་སློབ་མ་བཅུ་གཉིས་ལ་བྱ་དགའ་བྱིན།།
     སྔར་ལས་ལྷག་པར་དུ་རྒྱ་ཆེའི་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་བཏང་ཞིང། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྤེལ་བྱ་བར་སྐུལ་འདེད་གཏོང་ཆེད། ཉེ་ཆར། ཁུལ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་ཁུལ་ལུས་རྩལ་ཅུས། ཁུལ་ལུས་རྩལ་སྤྱིའི་ཚོགས་པས་གཙོ་འགན་ཁུར་ཞིང་ཁུལ་མིག་མངས་མཐུན་ཚོགས་ཀྱིས་སྒྲུབ་འགན་ཁུར་བའི་ཀན་ལྷོ་ཁུལ“མི་རིགས་མཐུན་སྒྲིལ་རྟགས་མའི”བོད་ཀྱི་མིག་མངས་འགྲན་བསྡུར་སྤེལ།
     ཀླུ་ཆུ་རྫོང་དང་བསང་ཆུ་རྫོང་། གཙོས་གྲོང་ཁྱེར་བཅས་ཀྱི་འགྲན་ཞུགས་པ་མི 16དར་མའི་ཚན་ཁག་གི་འགྲན་བསྡུར་ལ་ཞུགས་པ་དང་། གཙོས་གྲོང་ཁྱེར་སློབ་འབྲིང་དང་གཙོས་བོད་རིགས་སློབ་འབྲིང་གི་སློབ་མ 24ན་ཆུང་ཚན་ཁག་གི་འགྲན་བསྡུར་ལ་ཞུགས།།
     ཁོར་ཡུག་སྲུང་སྐྱོང་ལས་བཟོ་བ་ནི་གྲོང་ཁྱེར་མཛེས་སྤྲས་མཁན་ཡིན། ཁོ་ཚོས་དཀའ་སྤྱད་འབད་བརྩོན་གྱིས་གད་སྙིགས་གཙང་དག་བྱས་ནས། གྲོང་ཁྱེར་ལ་མཛེས་སྡུག་བསྣན་པ་དང་དེ་བས་ཀྱང་གལ་ཆེ་བ་ནི་གྲོང་ཁྱེར་གྱི་མི་རྣམས་ཀྱི་སེམས་ཁམས་མཛེས་པར་བསྐྲུན། ཉེ་ཆར། ཀན་ལྷོ་ཁུལ་གསེར་ནག་བཟོ་ཚོང་ཚད་ཡོད་ཀུང་སི་དང་གཙོས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་རུ་ཁག་གིས་མཉམ་འབྲེལ་སྒོས་ཁོར་སྲུང་མི་སྣར་འཚམས་འདྲིའི་དངོས་རྫས་འགྲེམ་གཏོང་བྱེད་པའི་མཛད་སྒོ་སྤེལ་བ་དང་། དགུན་འཁྱག་བ་མོའི་ནང་དུ་ལས་ཀ་གཉེར་བཞིན་པའི་ཁོར་སྲུང་ལས་བཟོ་བ 230ལ་དྲོད་ཁོལ་བསྐྱལ།།
༄༅།།  ཉེ་བའི་ལོར། ལིན་ཐན་རྫོང་གིས་ཞིང་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་དམ་པོར་དམིགས་ནས། ཤུགས་ཆེན་སྒོས་སྣེ་འདྲེན་དང་གསོ་སྐྱོང་བྱས་ནས། ཞིང་བའི་ཆེད་ལས་མཉམ་ལས་ཁང་གོང་འཕེལ་ལ་རོགས་སྐྱོར་བྱས། ཐོན་ཁུངས་ཀྱི་བབ་བཟང་ལ་བརྟེན་ནས་འཇོན་ནུས་འདོན་སྤེལ་གང་ལེགས་བྱས་ཤིང་། ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་གོང་འཕེལ་དུ་བཏང་། “མཉམ་ལས་ཁང+ཞིང་ཁྱིམ” “མཉམ་ལས་ཁང +གཞི་ས +ཞིང་ཁྱིམ”སོགས་ཀྱི་རྣམ་པ་སྤྱད་དེ་ཁྱད་ལྡན་ཞིང་ལས་ཐོན་རྫས་རབ་དང་རིམ་པ་ཁྱབ་གདལ་དུ་བཏང་ནས། ཀྲུང་བོད་སྨན་རྫས་དང་གསོ་སྤེལ་སོགས་ཁྱད་ལྡན་འདེབས་འཛུགས་ལས་རིགས་ཀྱི་གཞི་ཁྱོན་གོང་དུ་སྤེལ་བས། ཞིང་བ་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་སྐུལ་འདེད་བྱས།
      2017ལོར། ཁང་ཐོག་ཤང་སྟོད་མ་སྡེ་བའི་སྡེ་བར་བསྡད་དེ་རོགས་སྐྱོར་བྱེད་པའི་བྱ་བྱེད་ཚན་ཆུང་གིས“རིག་སྟོབས་རོགས་སྐྱོར”དམ་འཛིན་བྱས་ནས། དབུལ་ཐར་གྱི་སྤུས་ཚད་དང་དབུལ་ཐར་གྱི་གྲུབ་འབྲས་ཁག་ཐེག་བྱས།
    “གཟབ་ནན། དོན་དངོས། ཞིབ་ཚགས”བཅས་ཡིན་པའི་བླང་བྱ་བརྟན་པོ་གཞིར་བཟུང་ནས། དབུལ་ཕོངས་ཁྱིམ་ཚང 32ལ་དུས་བཅད་མེད་པར་ཕྱོགས་ཡོངས་ནས་འཚམས་འདྲི་ཞུས། “འགྱུར་བ་གསུམ”གྱི་བཅོས་སྒྱུར་ལ་ཟུང་འབྲེལ་བྱས་ནས་ཚན་རིག་སྒོས་རོགས་སྐྱོར་འཆར་གཞི་བཀོད་དེ“ཁྱིམ་ཚང་རེ་ལ་གསལ་ཐོ་རེ”གཏན་འཁེལ་བྱས་ཤིང་། སྲིད་ཇུས་ཀྱིས་གཏན་འཁེལ་བྱས་པའི་དབུལ་ཕོངས་ཁྱིམ་ཚང་ལ་ཁ་གཏད་དེ་ཤང་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་བ་གཙོ་བོ་དང་སྡེ་བར་སྡོད་པའི་བྱ་བྱེད་མི་སྣ་དང་བཞུགས་མོལ་ཚོགས་འདུ་ཐེངས་མང་བསྡུས་ཏེ་ཧུར་བརྩོན་སྒོས་ཨར་ལས་རུ་ཁག་དང་མཐུན་སྦྱོར་བྱས་ནས 2017ལོའི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་གྱི་ལས་གཞིའི་ཁྲོད་དུ་སྔོན་གྲས་སུ་དབུལ་ཕོངས་ཁྱིམ་ཚང་ལ་ཁང་བ་ཕུབ་རྒྱུ་བརྩོན་ལེན་བྱས། ཐེངས་མང་བོར་དབུལ་ཕོངས་ཁྱིམ་ཚང་ལ་ཞུགས་ནས 2016ལོ་དང 2017ལོའི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་གྱི་ལས་གཞི་གཞན་དག་ཁྲོད་སྐབས་བསྟུན་ལས་ཞུགས་བྱ་དགོས་པར་སྐུལ་མ་བཏང་བ་མ་ཟད། ཨར་ལས་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་དབུལ་ཕོངས་ཁྱིམ་ཚང་གི་ལས་མི་དག་གི་གླ་ཕོགས་སྔོན་གྲས་སུ་སྤྲོད་དགོས་པའི་བླང་བྱ་བཏོན། དམངས་སེམས་ལ་རྒྱུས་ལོན་དང་ཡུལ་བབ་དང་བསྟུན་གང་ཐུབ་བྱེད་པའི་རྨང་གཞིའི་སྟེང་དུ་རོགས་སྐྱོར་སྡེ་ཚན་གྱིས་བསྟུད་མར་ལོ་གཉིས་ཀྱི་རིང་ལ་ཀྲུང་བོད་སྨན་རྫས་ཀྱི་མྱུག་སོན་འདེབས་འཛུགས་ཁ་གསབ་རོགས་སྐྱོར་བརྩོན་ལེན་བྱས་ཐུབ་བ་བྱུང་ཞིང་། དམངས་ཕྱུག་ཐོན་ལས་དེ་གསོ་སྤེལ་ཕྱོགས་སུ་གོམ་པ་གསར་བ་ཞིག་སྤོས།།
རྩོམ་སྒྲིག་པ།  རྡོ་རྗེ་བཀྲ་ཤིས། 
དངོས་སྦྱོང་སློབ་མ།རྟག་བརྟན་རྡོ་རྗེ།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།