中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཐེ་བོ་རྫོང་གིས་ཞིང་ཕན་དམངས་ཕན་གྱི“བྱང་གཅིག་ཀུན་རྒྱུག” དོ་དམ་གནད་དོན་ཆེད་དོན་བཅོས་སྐྱོང་བྱས་པ།
དུས་ཚོད།2019-03-08 09:11:57     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)    ཞིང་ཕན་དམངས་ཕན་གྱི་ནོར་སྲིད་ཁ་གསབ་མ་དངུལ“བྱང་གཅིག་ཀུན་རྒྱུག”དེ་དངོས་གནས་མང་ཚོགས་ལ“གསལ་ཆ་ཡོད་པའི་བྱང་བུ”དང“བདེ་སྐྱིད་བསྐྲུན་པའི་བྱང་བུ”རུ་འགྱུར་ཆེད། ཉེ་ཆར། ཐེ་བོ་རྫོང་སྒྲིག་བཤེར་ཨུས་རྫོང་ཡོངས་ཀྱི་མངའ་ཁོངས་སུ“བྱང་གཅིག་ཀུན་རྒྱུག”གི་དོ་དམ་གནད་དོན་ཆེད་དོན་སྒྲིག་བཅོས་ཀྱི་བྱ་བ་སྤེལ།
    རྫོང་འདིས་ཤང་གྲོང་སོ་སོའི་སྒྲིག་ཨུ་རྩ་འཛུགས་བྱས་ནས་གཙོ་གནད་བྱ་བ་བཀོད་སྒྲིག་བྱེད་པའི་གྲོས་ཚོགས་བསྡུས་ཏེ། “བྱང་གཅིག་ཀུན་རྒྱུག”དོ་དམ་གནད་དོན་ཆེད་དོན་སྒྲིག་བཅོས་ཀྱི་བྱ་བ་བཀོད་སྒྲིག་བྱས། ཤང་གྲོང་སོ་སོས“བྱང་གཅིག་ཀུན་རྒྱུག”ཆེད་དོན་སྒྲིག་བཅོས་ཀྱི་བྱ་བ་མིག་སྔའི་བྱ་བ་གལ་ཆེན་ཞིག་ཏུ་བརརྩིས་ནས་དམ་འཛིན་བྱས་ནས། “བྱང་གཅིག་ཀུན་རྒྱུག”ཁྲོད་ཀྱི་རུལ་སུངས་ཀྱི་གནད་དོན་སྣ་ཚོགས་ཐེར་འདོན་བྱ་དགོས་པའི་བླང་བྱ་བཏོན།     མིག་སྔར། ཐེ་བོ་རྫོང་གི་ཤང་གྲོང 11གི་སྲིད་འཛིན་སྡེ་བ 52ཀྱི་མི་ཚོགས་འདུས་སྡོད་བྱེད་སར《ཞིང་ཕན་དམངས་ཕན་གྱི“བྱང་གཅིག་ཀུན་རྒྱུག”ཆེད་དོན་སྒྲིག་བཅོས་སྐོར་གྱི་སྤྱི་བསྒྲགས》ཚར 120ལྷག་སྦྱར་བ་དང་། དུས་མཚུངས་སུ། ཁ་པར་གྱི་འཕྲིན་ཐུང་དང་འཕྲིན་ཕྲན་སྟེགས་བུ་སྤྱད་དེ་བརྒྱུད་བསྐུར་ཐེངས 200ལྷག་བྱས། འཕྲིན་ཕྲན་གྱི་ཚོགས་པ་ཡང 60ལྷག་ལ་བརྒྱུད་བསྐུར་བྱས་ནས། ཁྲིམས་འགལ་ལུགས་འགལ་གྱི་ཏང་ཡོན་དང་ལས་བྱེད་པས་རང་འགུལ་སྒོས་གནད་དོན་གསལ་བཤད་བྱེད་པ་དང་མང་ཚོགས་ནང་དུ་ཞུགས་པར་སྐུལ་སློང་བྱས་ནས་ཧུར་བརྩོན་སྒོས་ཞིང་ཕན་དམངས་ཕན་མངའ་ཁོངས་ཀྱི་གནད་དོན་དང་ཁུངས་སྣེ་ཐེར་འདོན་བྱ་དགོས་ཞེས་བཏོན།།  
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།