中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། འབྲུག་ཆུ་རྫོང་གིས“རོགས་སྐྱོར་གསུམ་གྱི་ནུས་པར”བརྟེན་ནས་དབུལ་ སྐྱོར་མཁྲེགས་གཏོར་ལ་སྐུལ་འདེད་བཏང་བ།
དུས་ཚོད།2019-03-08 09:12:50     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཧྲུའུ་ཅི་དང་བོས“རོགས་སྐྱོར་བྱེད་པ”འབྲུག་ཆུ་རྫོང་ཆུ་བུར་ཤང་ཧྲུའེ་ཆོན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་བོའམ་སྡེ་བར་སྡོད་པའི་རོགས་སྐྱོར་བྱ་བྱེད་ཚན་ཆུང་གི་ཚན་གཙོ་ཧན་ཆི་པིན་གྱིས་དཀའ་ཁག་ལ་མགོ་མི་སྒུར་བར་སྡེ་བར་ཐོན་པའི་ཉིན་དང་བོ་ནས་བཟུང་སྡེ་བའི་གནས་ཚུལ་དང་དམངས་ཀྱི་བསམ་བློར་རྒྱུས་ལོན་བྱེད་པའི་འགོ་བརྩམས། ཁོས་དབུལ་ཕོངས་ཁྱིམ་ཚང་ལ་ས་ངོས་འགྱིག་ཤོག་མེད་པ་དང་ལུད་རྫས་དཀོན་པའི་གནས་ཚུལ་ཤེས་རྗེས། རང་ཉིད་ལས་ཁུངས་ཀྱི་ལས་བཟོ་བ་སྐུལ་སློང་བྱས་ནས་དབུལ་ཕོངས་ཁྱིམ་ཚང 23ལ་སྒོར 6000ཞལ་འདེབས་བྱེད་དུ་བཅུག་པ་ཚང་མས་ཞིང་ལས་མཁོ་ཆས་ཉོས། དུས་མཚུངས་སུ་རྫོང་གི་འབྲེལ་ཡོད་སྡེ་ཁག་ལ་འབྲེལ་བ་བྱས་ནས་ཉི་ནུས་ལམ་སྒྲོན 20བཙུགས་པ་དང་སྡེ་བའི་གཞུང་ལམ་སྨི་གྲུ་བཞི་མ 3600མཁྲེགས་བཟོ་བྱེད་པར་སྐུལ་འདེད་བྱས་པ་དང་གྱང་ཞིག་རལ་ཏུ་གྱུར་པ་སྨི 180ཞིག་གསོ་བྱས་པ་དང་ཞིང་བའི་མཉམ་ལས་ཁང་གསུམ་ལ་རོགས་སྐྱོར་བྱས། ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང 23མ་རྐང་དུ་ཞུགས།
    སྡེ་བ་དང་ཚན་ཆུང་གི་ལས་བྱེད་པས“སྦྱོང་བ”འབྲུག་ཆུ་རྫོང་ཅང་ཕན་ཤང་ཧོ་ནན་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲིན་ཅང་ལུང་དང་ཏང་ཡོན་ཚང་མ་ལྕགས་མི་ཝང་ཅིན་ཞི་ཡི་ཟངས་སྐུའི་མདུན་དུ་ཏང་ནང་དུ་ཞུགས་པའི་དམ་བཅའ་བསྐྱར་འཇོག་བྱས།
    “ད་ལྟ་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞིང་སྡེའི་ཏང་གི་འཛུགས་སྐྲུན་ཐད་ཇི་ལྟར་བཀོལ་དགོས་པའི་སྐོར་དཔྱད་བསྡུར་བྱ་དགོས”ཞེས་གཏིང་ཟབ་ལ་གོ་བདེ་བའི་ངང་སློབ་ཁྲིད་བྱེད་ཀྱིན་དུ“ལྕགས་མི”ཡི་སྙིང་སྟོབས་བསྐྱེད་དགོས་པ་བསྟན། ཞིང་ཆེན་ཡོངས་ཀྱི་མཐའ་མཚམས་ས་ཁུལ་གྱི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་གསོ་སྦྱོང་འཛིན་གྲྭ་ནི་འབྲུག་ཆུ་རྫོང་གིས་སྡེ་བ་དང་ཚན་ཆུང་གི་ལས་བྱེད་པ་ཀུའེ་ཀྲོའུ་རུ་སློབ་སྦྱོང་ལ་མངགས་ནས“བསྒྱུར་གསུམ”ཉམས་མྱོང་སློབ་སྦྱོང་བྱས་རྗེས་ཀྱི་ཡང་བསྐྱར་ཕྱི་རུ་སློབ་སྦྱོང་དུ་ཐེངས་ཞིག་སོང་བ་ཡིན།
    “ཐེངས་འདིའི་གསོ་སྦྱོང་བྱས་པ་བརྒྱུད། ང་ཡིས་རྒྱལ་ཁབ་ཀྱི་བཏོན་པའི་ཞིང་སྡེ་དར་སྤེལ་འཐབ་ཇུས་དང་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་རྒྱུས་ལོན་བྱུང་ཞིང་། སྡེ་བའི་ལས་བྱེད་པའི་བྱེད་ནུས་གལ་ཆེན་རྟོགས་ཐུབ་པ་བྱུང་། ཕྱིར་ཕ་ཡུལ་ལ་ལོག་ནས་ཕ་ཡུལ་དེ་བས་མཛེས་སྡུག་ཅན་དུ་འཛུགས་སྐྲུན་བྱ་རྒྱུའི་འདུན་པ་ཡོད”ཟེར། འདི་དང་འདི་ལྟ་བུའི་གསོ་སྦྱོང་མང་བོ་བྱས་པ་བརྒྱུད་སྡེ་བའི་ལས་བྱེད་པའི་བསམ་བློ་བཅོས་སྒྱུར་བྱུང་བ་མ་ཟད་ལས་བྱེད་པའི་བཅོས་སྐྱོང་ཆུ་ཚད་དང་ཕྱུག་འགྱུར་སྣེ་ཁྲིད་ཀྱི་ནུས་པ་མཐོར་འདེགས་སུ་བཏང་།
    ཞིང་སྡེའི་ཏང་ཡོན་གྱིས“སྣེ་ཁྲིད”པ། ལོ་འགའི་སྔོན་དུ་ཀྲང་ཧུའུ་ཁྲའོ་ནི་ཞིང་སྡེའི་འཚོ་བ་སྤྱིར་བཏང་བ་རོལ་བཞིན་པའི་ཞིང་བ་དཀྱུས་མ་ཞིག་ཡིན། ཤང་སྡེ་དར་སྤེལ་དང་རིག་གནས་ཡུལ་སྐོར་ཐོན་ལས་སྲིད་ཇུས་ཀྱི་སྐུལ་སྤེལ་འོག་ཏུ། ཁོས་མཐའ་སྐོར་གྱི་མང་ཚོགས་ཀྱི་སྣེ་ཁྲིད་དེ“བསྒྱུར་གསུམ”བཅོས་སྒྱུར་གྱི་གོ་སྐབས་དམ་འཛིན་བྱས་ནས། མ་དངུལ་གྲབས་འཚོལ་བྱས་ཤིང་ཧྥུན་ཏས་གྲོང་རྡལ་ཀ་ཙ་པ་བོ་ཉིའུ་སྤྲོ་སེང་དང་ཤང་སྡེའི་ཡུལ་སྐོར་ཞིང་བའི་ཆེད་ལས་མཉམ་ལས་ཁང་ཐོ་འགོད་བྱས། མིག་སྔར་མཉམ་ལས་ཁང་གིས་ཁྱིམ་ཚང 66གི་མི 300ལྷག་མཉམ་ལས་ཁང་དུ་ཞུགས། དེའི་ཁྲོད་དུ་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང 41ཡོད། ལོ་མཇུག་ཏུ་ཁེ་སྤོགས་བགོ་གྱིན་ཡོད། མཉམ་ལས་ཁང་འཁོར་སྐྱོད་ཀྱིས་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་ཐོབ་པ་མ་ཟད། ཤང་སྡེའི་ཡུལ་སྐོར་ལས་རིགས་ཀྱང་གོང་འཕེལ་དུ་བཏང་།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།