中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། སྲིད་གཞུང་གི་བྱ་བའི་སྙན་ཞུགསལ་རྟོགས་བྱེད་པ། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་དོ་ཁུར་བྱེད་པ།
དུས་ཚོད།2019-03-13 10:14:43     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
ཟླ 3པའི་ཚེས 5ཉིན་ལ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཏུ་གྲོས་ཞིབ་བྱས་པའི་སྲིད་གཞུང་གི་བྱ་བའི་སྙན་ཞུའི་སྟེང་དུ། 2019ལོར་གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་ཁྲི 1000ཡན་ཉུང་འཕྲི་བྱ་དགོས་པ་བསྟན།
    2018ལོར། རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་ཁྲི 1386དབུལ་ཐར་བྱུང་ཡོད་པ་དང་། སྔོན་རྩིས་བྱས་ན་དབུལ་ཕོངས་རྫོང 280ཡིས་དབུལ་ཞྭ་ཕུད་ཐུབ། 2018ལོའི་ལོ་མཇུག་ཏུ། རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས 2012ལོའི་ལོ་མཇུག་གི་ཁྲི 9899ནས་ཁྲི 1660རུ་ཇེ་ཉུང་སོང་བ་དང་། རིམ་བསགས་ཀྱིས་བརྩིས་ན་མི་ཁྲི 8239ཡིས་ཇེ་ཉུང་སོང་ཡོད། དབུལ་ཕོངས་བྱུང་ཚད 2012ལོའི 10%ནས 1.7%དུ་མར་བབས། རིམ་བསགས་ཀྱིས་བརྩིས་ན་བརྒྱ་ཆའི་གྲངས་གནས 8.5ལ་མར་བབས།།
       ཟླ 3པའི་ཚེས 5ཉིན་ལ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཏུ་གྲོས་ཞིབ་བྱས་པའི་སྲིད་གཞུང་གི་བྱ་བའི་སྙན་ཞུས་ད་ལོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གཏོང་བའི་སྔོན་དཔག་དམིགས་ཚད་གཙོ་བོ་ཕྱིར་བསྒྲགས་བྱས། དེའི་ཁྲོད་དུ། རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་འཕར་བའི་སྔོན་དཔག་དམིགས་ཚད་ནི 6%ནས 6.5% ཡི་བར་དུ་གཏན་ཁེལ་བྱས།
    ན་ནིང་། ཀྲུང་གོའི་དཔལ་འབྱོར 6.6%འཕར་བ་དང་། སྤྱི་འབོར་སྒོར་དུང་ཕྱུར་ཁྲི 90ཡི་གྲུབ་འབྲས་གསར་བ་ཐོབ།།
       ཟླ 3པའི་ཚེས 5ཉིན་ལ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཏུ་གྲོས་ཞིབ་བྱས་པའི་སྲིད་གཞུང་གི་བྱ་བའི་སྙན་ཞུའི་སྟེང་དུ། ནོར་སྲིད་མཚལ་ཡིག་གི་ཚད 2.8%དུ་བཀོད་སྒྲིག་བྱེད་རྩིས་ཡོད་པས། ན་ནིང་གི་སྔོན་རྩིས་ལས་བརྒྱ་ཆའི་གྲངས་གནས 0.2འཕར་རྒྱུ་ཡིན་པ་བསྟན།
    ཞིབ་ཏུ་བརྗོད་ནས། ད་ལོར་ཀྲུང་དབྱང་གི་ནོར་སྲིད་མཚལ་ཡིག་སྒོར་དུང་ཕྱུར་ཁྲི 1.83དང་། ས་གནས་ནོར་སྲིད་མཚལ་ཡིག་སྒོར་དུང་ཕྱུར 9300བཀོད་སྒྲིག་བྱེད་རྩིས་ཡོད། བསྡོམས་པས་སྒོར་དུང་ཕྱུར་ཁྲི 2.76ཡིན།།
       ཟླ 3པའི་ཚེས 5ཉིན་ལ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་ཏུ་གྲོས་ཞིབ་བྱས་པའི་སྲིད་གཞུང་གི་བྱ་བའི་སྙན་ཞུའི་སྟེང་དུ། ལས་ཞུགས་གཙོ་བོར་འཛིན་པའི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱ་རྒྱུ་ཡིན་པ་བསྟན། ད་ལོར། གྲོང་གསེབ་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི 1100ཡི་ཡན་ལ་འཕར་ཡོད། བརྟག་དཔྱད་བྱས་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཀ་ཤོར་ཚད 5.5%ཡས་མས་ཡིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་ཐོ་འགོད་བྱས་པའི་ལས་ཀ་ཤོར་ཚད 4.5%ཡི་ནང་ཁུལ་ན་གནས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།