中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ལིའུ་ཙུའུ་ཅེ་ལ་རྒྱལ་ཡོངས་ཁྲིམས་འཛིན་ཁང་གི་མིག་དཔེ་སུའོ་ཀྲང་གི་མཚན་སྙན་ཐོབ་པ།
དུས་ཚོད།2019-03-13 10:16:07     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། རྒྱལ་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་མ་ལག་གི་གཟེངས་བསྟོད་ཚོགས་ཆེན་གྱི་ཐོག་ནས་རྒྱལ་ཡོངས་ཀྱི་བཙོན་ཁང་བྱ་བའི་སྔོན་ཐོན་ཐུན་མོང་དང་རྒྱལ་ཡོངས་ཀྱི་མིག་དཔེ་ཁྲིམས་འཛིན་སུའོ་ཀྲང་སོགས་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱས། རང་ཁུལ་གྱི་འབྲུག་ཆུ་རྫོང་ཏ་ཁྲོན་ཁྲིམས་འཛིན་སུའོ་ཡི་སུའོ་ཀྲང་ལིའུ་ཙུའུ་ཅེ་ལ “རྒྱལ་ཡོངས་ཀྱི་མིག་དཔེ་ཁྲིམས་འཛིན་སུའོ་ཀྲང”གི་མཚན་སྙན་ཐོབ།
    2013ལོར། ལིའུ་ཙུའུ་ཅེ་ཡིས་འབྲུག་ཆུ་རྫོང་ཁྲིམས་འཛིན་ཅུས་ཏ་ཁྲོན་ཁྲིམས་འཛིན་སུའོ་ཡི་སུའོ་ཀྲང་གི་འགན་ཁུར། ཁྲིམས་འཛིན་སྲིད་འཛིན་བྱ་བ་གཉེར་འགོ་བརྩམས་པ་དང་ལྷག་པར་དུ་ཁྲིམས་འཛིན་སུའོ་ཡི་སུའོ་ཀྲང་གི་འགན་ཁུར་བ་ནས་བཟུང་། ལིའུ་ཙུའུ་ཅེ་ཡིས་དཀའ་སྤྱད་སྙིང་རུས་དང་ཚད་མཐོའི་འགན་སེམས་ལ་བརྟེན་ནས་བྱ་བ་སྣ་ཚོགས་ལེགས་པར་བསྒྲུབས།
    ལིའུ་ཙུའུ་ཅེ་ནི་གྲོང་གསེབ་ནས་ཐོན་པའི་གཞི་རིམ་གྱི་ཁྲིམས་འཛིན་ཁང་གི་ལས་བྱེད་པ་ཞིག་ཡིན། འབྲུག་ཆུ་རྫོང་གི་རི་བོ་མཐོ་ཞིང་གཟར་ལ། མི་རེའི་ཆ་སྙོམས་ཀྱི་ས་ཞིང་རྒྱ་ཁྱོན་ཆུང་བ་མ་ཟད། བསྟུད་མར “5.12”ཀྱི་ས་ཡོམ་ཆེན་མོ་དང “8.8”ཀྱི་འདམ་རྡོ་ཆུ་རིད་ཀྱི་གནོད་འཚེ་ཐེབས་རྗེས། ལས་གཞི་སྣ་ཚོགས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་དུ། མང་ཚོགས་ཀྱི་ས་ཞིང་ཕྱིར་བསྡུ་བྱེད་དཀའ་བ་སོགས་ཀྱི་འགལ་བ་དང་རྩོད་གཞི་འདུམ་འགྲིག་བྱེད་པའི་བྱ་བར་རྙོག་འཛིང་ཆེ་མོད། ལིའུ་ཙུའུ་ཅེ་ཡིས་དཀའ་ངལ་ལ་མི་འཛེམས་པར། དུས་རྒྱུན་དུ “5 + 2”དང “ཉིན་མཚན་དབྱེར་མེད”ཀྱིས་བྱ་བར་ཧུར་བརྩོན་བྱས། མ་འགྱངས་བར་གཞི་རིམ་ཁྲིམས་འཛིན་སྲིད་འཛིན་བྱ་བ་ཁོང་དུ་ཆུད་པར་གྱུར། ཁོ་དུས་རྒྱུན་དུ་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱས་ཏེ་རྩོད་གཞི་འདུམ་འགྲིག་དང་བཅའ་ཁྲིམས་དྲིལ་བསྒྲགས་བྱས་པ་དང་། སྤྲོ་སེམས་ཁོལ་བའི་ངང་མང་ཚོགས་ལ་དཀའ་ངལ་སེལ་རོགས་བྱས་ཤིང་། ཐེངས་མང་བོར་ཞིང་བ་ལས་མིའི་གླ་ཕོགས་ལེན་རོགས་བྱས་མྱོང་། ཁོར་ཏ་ཁྲོན་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་། ས་གནས་ཀྱི་མང་ཚོགས་དང་གོང་རིམ་ཁྲིམས་འཛིན་སྲིད་འཛིན་ལས་སྒོའི་སྡེ་ཁག་གི་གདེང་འཇོག་ཆེན་པོ་ཐོབ།
    ཉེ་བའི་ལོ་ཤས་ནང་དུ། ལིའུ་ཙུའུ་ཅེ་ཡིས་གཙོ་སྐྱོང་གནང་ནས་འདུམ་འགྲིག་བྱས་པའི་འགལ་བ་དང་རྩོད་གཞི་བསྡོམས་པས 94ཡོད་པ་ལས 93འདུམ་འགྲིག་ལེགས་གྲུབ་བྱུང་། མང་ཚོགས་ཀྱིས་ཞུ་གཏུག་བྱས་པའི་དོན་རྐྱེན 34ཐག་གཅོད་བྱས། མངའ་ཁོངས་སུ་རིགས་ཆེ་གྲས་ཀྱི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱ་འགུལ་ཐེངས 25སྤེལ་བ་དང་། དྲིལ་བསྒྲགས་ཡིག་རིགས་ཚར་ཁྲི 3.5ལྷག་འགྲེམ་གཏོང་བྱས། གཏུག་བཤེར་མིན་པའི་བཅའ་ཁྲིམས་རོགས་སྐྱོར་གྱོད་གཞི 54བསྒྲུབས་པ་དང་། ཁྲིམས་དོན་ཡིག་རིགས་ཚར 76འབྲི་རོགས་བྱས།
    ཁོར་སྔ་རྗེས་སུ། རྒྱལ་ཡོངས “དྲུག་ལྔའི”ཁྲིམས་ལུགས་ཁྱབ་གདལ་བར་མའི་སྐབས་སུ་སྔོན་ཐོན་མི་སྒེར་དང་ཁུལ་ཡོངས་ཀྱི་འཛོམས་བཅུའི་མིག་དཔེ་ཁྲིམས་འཛིན་སུའོ་ཀྲང་། ཁུལ་ཡོངས་ཀྱི་འཛོམས་བཅུའི་ཕུལ་བྱུང་ཁྲིམས་འཛིན་སུའོ་ཀྲང་སོགས་ཀྱི་མཚན་སྙན་ཐོབ་མྱོང་། ཏ་ཁྲོན་ཁྲིམས་འཛིན་ཁང་ལ་ཡང་ཁུལ་དང་རྫོང་ཁྲིམས་འཛིན་སྲིད་འཛིན་སྡེ་ཁག་གིས་གཟེངས་བསྟོད་ཐེངས་མང་བྱས་མྱོང་།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།