中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཟླ་གཉིས་པར་གཙོས་གྲོང་ཁྱེར་གྱི་སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང་ལོ་གོང་མའི་དུས་མཚུངས་ལས0.6%འཕར་བ།
དུས་ཚོད།2019-03-29 11:11:49     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་ཀན་ལྷོ་བརྟག་དཔྱད་རུ་ཁག་གིས་ཉེ་ཆར་བརྟག་དཔྱད་བྱས་པའི་གཞི་གྲངས་ལས་མཚོན་པ་ལྟར་ན། 2019ལོའི་ཟླ 2པར་གཙོས་གྲོང་ཁྱེར་གྱི་སྡོད་དམངས་ཀྱི་འཛད་སྤྱོད་རིན་གོང(CPI)ཟླ་གོང་མ་ལས་ཅུང་ཙམ་འཕར་ཡོད་ཅིང་། ལོ་གོང་མའི་དུས་མཚུངས་ལས་ཅུང་མར་ཆག་ཡོད།
    གཅིག  རིགས་ཁག་གི་ཚོང་ཟོག་དང་ཞབས་ཞུའི་རིན་གོང་ཟླ་གོང་མ་ལས་འགྱུར་ལྡོག་བྱུང་ཚུལ།
    ཟླ་གོང་མ་དང་བསྡུར་ནས་བལྟས་ན། CPI 0.4%འཕར་ཡོད་པ་དང་། འཕར་ཚད་ཟླ་གོང་མའི་བརྒྱ་ཆའི་གྲངས་གནས 0.2ཀྱིས་མཐོ་རུ་ཕྱིན་ཡོད། དེའི་ཁྲོད་དུ། ཟས་རིགས་ཐོན་རྫས་ཀྱི་རིན་གོང 1.6%འཕར་ཡོད། འཕར་ཚད་ཟླ་གོང་མའི་བརྒྱ་ཆའི་གྲངས་གནས 0.5%ཡིས་མཐོ་རུ་ཕྱིན་ཡོད་པས། CPIབརྒྱ་ཆའི་གྲངས་གནས 0.35ལྷག་ཡར་འཕར་རྒྱུར་ཤུགས་རྐྱེན་ཐེབས་ཡོད། དེ་ནི་སྤྱིའི་དམིགས་ཚད་ཀྱི་གྲངས་ཟླ་གོང་མ་ལས་འཕར་བར་སྐུལ་ཁྲིད་བྱེད་པའི་རྒྱུན་རྐྱེན་གཙོ་བོ་ཡིན། ཟས་རིགས་མ་ཡིན་པའི་ཐོན་རྫས་ཀྱི་རིན་གོང 0.1%འཕར་ཡོད་པ་དང་། CPIབརྒྱ་ཆའི་གྲངས་གནས 0.07འཕར་བར་ཤུགས་རྐྱེན་ཐེབས། ཟས་རིགས་ཐོན་རྫས་ཀྱི་ཁྲོད་དུ། དུས་ཆེན་གྱི་ཕན་ཁེ་དང་ཁ་ཆར་འབབ་པའི་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་པར་བརྟེན། སྔོ་ཚལ་གྱི་རིན་གོང་ཚད་ཆེན་པོའི་སྒོ་ནས་འཕར་ཡོད་པ་དང་། འཕར་ཚད 10.3%ཡིན། CPIབརྒྱ་ཆའི་གྲངས་གནས 0.33འཕར་བར་ཤུགས་རྐྱེན་ཐེབས། སིལ་ཏོག་གི་རིན་གོང 3.5%འཕར་བ་དང་། ཆུ་ཐོན་ཐོན་རྫས 1.3%འཕར།  ཕག་ཤ་དང་ལུག་ཤ  བྱ་སྒོང་སོགས་ཀྱི་རིན་གོང་ཅུང་ཙམ་མར་ཆག་པས། CPIབརྒྱ་ཆའི་གྲངས་གནས 0.03མར་ཆག་པར་ཤུགས་རྐྱེན་ཐེབས། ཟས་རིགས་མ་ཡིན་པའི་ཐོན་རྫས་ཀྱི་ཁྲོད་དུ། ལོ་སར་དུས་ཆེན་གྱི་གུང་གསེང་སྐབས་སུ་མཁའ་ཐོག་སྐྱེལ་འདྲེན་ཆེ་བའི་རྐྱེན་གྱིས། གནམ་གྲུའི་འཛིན་བྱང་གི་རིན་གོང 7.8%འཕར། རླངས་སྣུམ་དང་ཁྲའེ་སྣུམ་གྱི་རིན་གོང་སོ་སོ 4.1%དང 4.5%འཕར།
    གཉིས།  རིགས་ཁག་གི་ཚོང་རྫས་དང་ཞབས་ཞུའི་རིན་གོང་ལོ་གོང་མའི་དུས་མཚུངས་ལས་འགྱུར་ལྡོག་བྱུང་ཚུལ།
    ལོ་གོང་མ་དང་བསྡུར་ནས་བལྟས་ན། CPI 0.6%འཕར་བ་དང་། འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་གནས 0.3གྱིས་མར་ཆག  དེའི་ཁྲོད་དུ། ཟས་རིགས་ཐོན་རྫས་ཀྱི་རིན་གོང 2.5%འཕར་བ་དང་། འཕར་ཚད་ཟླ་གོང་མ་དང་བསྡུར་ན་བརྒྱ་ཆའི་གྲངས་གནས 2.1མར་ཆག  དེ་ནི་སྤྱིའི་དམིགས་ཚད་ཀྱི་གྲངས་ལོ་གོང་མའི་དུས་མཚུངས་ལས་མར་ཆག་པར་སྐུལ་ཁྲིད་པའི་རྒྱུ་རྐྱེན་གཙོ་བོ་ཡིན། ཟས་རིགས་མ་ཡིན་པའི་ཐོན་རྫས་ཀྱི་རིན་གོང་ཟླ་གོང་མ་དང་དོ་མཉམ་ཡིན། ཟས་རིགས་ཐོན་རྫས་ཀྱི་ཁྲོད་དུ་སྔོ་ཚལ་གྱི་རིན་གོང་ལོ་གོང་མའི་དུས་མཚུངས་དང་བསྡུར་ན 6.8%མར་ཆག་པས། CPIབརྒྱ་ཆའི་གྲངས་གནས 0.26མར་ཆག་པར་ཤུགས་རྐྱེན་ཐེབས། བྱ་སྒོང་གི་རིན་གོང 6.3%མར་ཆག་པ་དང་།  CPIབརྒྱ་ཆའི་གྲངས་གནས 0.04མར་ཆག  སྒོ་ཕྱུགས་ཀྱི་ཤའི་རིན་གོང 14.6%འཕར(ལུག་ཤའི་རིན་གོང 32.7%འཕར་བ་དང་། སྐམ་ཤའི་རིན་གོང 11.7%འཕར། ཕག་ཤའི་རིན་གོང 10%འཕར།)བ་དང་།  CPIབརྒྱ་ཆའི་གྲངས་གནས 0.75འཕར། འབྲུ་རིགས་ཀྱི་རིན་གོང 3.1%འཕར་བ་དང། CPIབརྒྱ་ཆའི་གྲངས་གནས 0.1འཕར། ཟས་རིགས་མ་ཡིན་པའི་ཐོན་རྫས་ཀྱི་ཁྲོད་དུ། རིག་གནས་སློབ་གསོ་དང་རོལ་རྩེད། སྨན་བཅོས་བདེ་སྲུང་དང་འཚོ་བའི་འཛད་སྤྱོད་དངོས་རྫས། ཞབས་ཞུའི་རིགས་ཀྱི་རིན་གོང་སོ་སོ 1.6%དང 0.8%  0.8%འཕར་བ་དང་། CPIབརྒྱ་ཆའི་གྲངས་གནས 0.28འཕར་བ་ཡིན། ཁྲའེ་སྣུམ་གྱི་རིན་གོང 2.9%ཡིས་མར་ཆག་པ་དང་། གྱོན་ཆས་ཀྱི་རིན་གོང 2.8%དུ་མར་ཆག
ཞིང་ཆེན་ཡོངས་ཀྱི་ཆུ་ཚད་ནས་བལྟས་ན། གཙོས་གྲོང་ཁྱེར་གྱི་ཟླ་གཉིས་པའི CPIལོ་གོང་མའི་དུས་མཚུངས་ལས་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་གནས 1.0གིས་དམའ་བ་དང་། ཞིང་ཆེན་ནང་ཁུལ་གྱི (ཁུལ)གྲོང་ཁྱེར་གཞན་དང་བསྡུར་ན། ཞིང་ཆེན་ཡོངས་ཀྱི་ཨང་བཅུ་གསུམ་པར་གནས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།