中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། གུང་གཞོན་ཚོགས་པ་ཁུལ་ཨུས“དཔྱིད་རླུང་བྱ་འགུལ”སྤེལ་ནས་ན་གཞོན་པའི་ལས་ཞུགས་ལས་གཏོད་ལ་རོགས་སྐྱོར་བྱས་པ།
དུས་ཚོད།2019-03-29 11:13:16     རྩོམ་གྱི་ཡོང་ཁུངས།    ཆུང་། | འབྲིང་། | ཆེ།
  (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར་གུང་གཞོན་ཚོགས་པ་ཁུལ་ཨུས་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་མཉམ་འབྲེལ་བྱས་ཏེ། 2019ལོའི་གུང་གཞོན་ཚོགས་པས་ན་གཞོན་པའི་ལས་ཞུགས་ལ་ཞབས་ཞུ་བྱེད་པའི“དཔྱིད་རླུང་བྱ་འགུལ”གྱི་ལས་མི་བསྡུ་ཚོགས་ཚོགས། ལས་མི་བསྡུ་ཚོགས་སུ་ཁུལ་ནང་ཁུལ་གྱི་ཁེ་ལས 39ལས་མི་བསྡུ་བར་ཐོན་ཡོད་པས། ལས་ཞུགས་ལས་གནས 136འདོན་སྤྲོད་བྱས་ཤིང་། ལས་མི 2333བསྡུ་དགོས་པས། ལས་འཚོལ་མི་སྣ་སྟོང་ཕྲག་ཁ་ཤས་བཀུག་ཡོང་། མི 182ཀྱིས་ལས་ཞུགས་འདོད་མཐུན་གྱི་མིང་རྟགས་བཀོད།
    བྱ་འགུལ་གྱི་ཡུལ་དངོས་སུ། གུང་གཞོན་ཚོགས་པ་ཁུལ་ཨུས་ལས་ཞུགས་ཞིབ་འདྲི་སྟེགས་བུ་བཙུགས་ནས། རྒྱ་ཆེའི་ལས་འཚོལ་བར་ཆ་འཕྲིན་དང་སྲིད་ཇུས་བརྒྱུད་སྤྲོད་བྱས་ཤིང་། ཁོ་ཚོའི་དོགས་གནད་སེལ་རོགས་བྱས་པ་མ་ཟད། ལས་ཞུགས་སྲིད་ཇུས་སོགས་ཀྱི་དྲིལ་བསྒྲགས་ཡིག་ཆ་འགྲེམ་གཏོང་བྱས། དུས་མཚུངས་སུ། ཕྲན་འཕྲིན་སྟེགས་བུ་སོགས་ཀྱི་ཐབས་ལམ་བརྒྱུད་དེ་ཆ་འཕྲིན་ཁྱབ་བསྒྲགས་བྱས་ནས། རྒྱ་ཆེའི་ན་གཞོན་ལས་འཚོལ་བར་དྲ་ཐོག་གི་ལས་ཞུགས་སྟེགས་བུ་བསྐྲུན།
    ཐེངས་འདིའི་ལས་མི་བསྡུ་ཚོགས་ཀྱིས་རྒྱ་ཆེའི་རོང་འབྲོག་སྡེ་བའི་ན་གཞོན་དང་ལས་ཤོར་མི་སྣ། སློབ་ཆེན་མཐར་ཕྱིན་སློབ་མ། ལས་ཞུགས་དཀའ་ཁག་ཅན། དབུལ་ཕོངས་ལས་སྒུག་མི་སྣ་སོགས་ལ་ལས་ཞུགས་ཆ་འཕྲིན་ཐོབ་པའི་ལམ་བུ་བསྐྱེད་ཅིང། ལས་ཞུགས་སྟེགས་བུ་བསྐྲུན་པས། སྤྱི་ཚོགས་ཁྲོད་ཀྱི་ཕན་ནུས་བཟང་བོ་ཐོབ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།