中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། རང་ཁུལ་གྱི་སྲིད་ཇུས་རང་བཞིན་གྱི་འབྲུ་རིགས་མཛོད་ཉར་བྱེད་ཚད་དང་སྤུས་ཚད་གཙང་བཤེར་བྱེད་པའི་བྱ་བ་རང་བཤེར་དུས་མཚམས་ལ་དངོས་སུ་བསླེབས་པ།
དུས་ཚོད།2019-04-11 10:38:36     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་ཆེད། སྔར་ལས་ལྷག་པར་ཁུལ་ཡོངས་ཀྱི་སྲིད་ཇུས་རང་བཞིན་གྱི་འབྲུ་རིགས་ཀྱི་གྲངས་ཚད་དང་སྤུས་ཚད། མཛོད་ཉར་བྱེད་ཚད་བཅས་གཙང་བཤེར། སྐྱོན་ཆ་ནན་འགོག་དང་ཁྲིམས་ལྟར་བཅོས་སྐྱོང་། འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཆད་གཅོད་ནན་མོ་བྱ་ཆེད། ཟླ 4བའི་ཚེས 1ཉིན་ནས་བཟུང་། རང་ཁུལ་གྱི་སྲིད་ཇུས་རང་བཞིན་གྱི་འབྲུ་རིགས་མཛོད་ཉར་བྱེད་ཚད་དང་སྤུས་ཚད་གཙང་བཤེར་བྱེད་པའི་བྱ་བ་རང་བཤེར་བྱེད་པའི་དུས་མཚམས་ལ་བསླེབས།
    མིག་སྔར་ཐུག་བར་དུ། རང་ཁུལ་གྱི་དུས་འགོའི་གྲ་སྒྲིག་བྱ་བ་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ནས། རང་བཤེར་གྱི་དུས་མཚམས་སུ་བསླེབས་པ་དང་། རང་བཤེར་གྱི་དུས་མཚམས་སུ་གཏན་འབེབས་ཀྱི་གོ་རིམ་དང་ཞིབ་བཤེར་གྱི་ཚད་གཞི་ལྟར། ཁེ་ལས་སོ་སོས་གསོག་ཉར་བྱས་པའི་སྲིད་ཇུས་རང་བཞིན་གྱི་འབྲུ་རིགས་དང་སྲིད་ཇུས་རང་བཞིན་གྱི་འབྲུ་རིགས་གསོག་ཉར་བྱེད་པའི་ཁེ་ལས་ཀྱི་འབྲུ་རིགས་གསོག་ཚད་དང་སྤུས་ཚད། ཁེ་ལས་ཀྱི་རྒྱལ་ཁབ་ཀྱི་འབྲུ་རིགས་ཉོ་སྒྲུབ་སྲིད་ཇུས་དང་མཛོད་ཉར་འབྲུ་རིགས་རེས་མོས་དོ་དམ་བྱེད་ཚུལ། སྲིད་ཇུས་རང་བཞིན་གྱི་འབྲུ་རིགས་མཛོད་བུན་ཟུང་འབྲེལ་བྱེད་ཚུལ་དང་། ནོར་སྲིད་ཁ་གསབ་གཏོང་སྤྲོད་བྱེད་པ་སོགས་ཀྱི་གནས་ཚུལ་ལ་དུས་གཅིག་ཏུ་ཞིབ་བཤེར་བྱས་ནས། མཛོད་ཉར་འབྲུ་རིགས་ཀྱི་དངོས་ཡོད་རང་བཞིན་ར་སྤྲོད་བྱེད་པར་ཁྱོན་ཡོངས་ནས་གཙང་བཤེར་བྱས།
རྒྱུས་ལོན་བྱས་པ་ལྟར་ན། རྒྱལ་ཡོངས་ཀྱི་སྲིད་ཇུས་རང་བཞིན་གྱི་འབྲུ་རིགས་མཛོད་ཉར་བྱེད་ཚད་དང་སྤུས་ཚད་གཙང་བཤེར་བྱེད་པའི་བྱ་བ་དེ་གྲ་སྒྲིག་དུས་རིམ་དང་རང་བཤེར་དུས་རིམ། ཡོངས་བཤེར་དུས་རིམ། འཐེན་བཤེར་དུས་རིམ་དང་ཕྱོགས་བསྡོམས་བྱེད་པའི་དུས་རིམ་ལྔ་ཡི་སྒོ་ནས་སྐུལ་འདེད་བཏང་། གཙང་བཤེར་ཁྱབ་ཁོངས་སུ་བཅུག་པའི་མཛོད་འཇུག་འབྲུ་རིགས་ངེས་པར་དུ་གཅིག་ཀྱང་མ་ལུས་པའི་སྒོ་ནས་ཞིབ་བཤེར་གཏིང་ཟབ་བྱ་དགོས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།