中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཁུལ་སྤྱི་བའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཀྱིས “གཅེས་སེམས་ཕུལ་ཏེ་ དབུལ་ཐར་བྱེད་རོགས་བྱེད་པའི”བྱ་འགུལ་སྤེལ་བ།
དུས་ཚོད།2019-04-11 10:39:33     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཁུལ་སྤྱི་བའི་ཐོན་ཁུངས་ཉོ་ཚོང་ལྟེ་གནས་ཀྱི་ལས་བྱེད་པ་དང་ལས་བཟོ་བའི་འཐུས་མི་དབུལ་ཐར་རོགས་སྐྱོར་སྡེ་བར་ཟབ་ཞུགས་བྱས་ཏེ། “གཅེས་སེམས་ཕུལ་ཏེ་དབུལ་ཐར་བྱེད་རོགས་བྱེད་པའི”བྱ་འགུལ་སྤེལ། ལས་བྱེད་པ་དང་ལས་བཟོ་བའི་འཐུས་མི་འཁོར་དང་བཅས་པས་སློབ་མའི་ཡོ་ཆས་འཁྱེར་ཏེ། བཅའ་སྡོད་རོགས་སྐྱོར་ལས་བྱེད་པའི་མཐུན་སྦྱོར་འོག  སྡེ་བའི་ཨུ་ཡོན་ལྷན་ཁང་ནས་བྱིས་པ་ཚོར་འགྲེམ་གཏོང་བྱེད་པའི་མཛད་སྒོ་སྤེལ།
    ཐེངས་འདིའི“གཅེས་སེམས་ཕུལ་ཏེ་དབུལ་ཐར་བྱེད་རོགས་བྱེད་པ”ནི་ཉོ་ཚོང་ལྟེ་གནས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱི་ཐུན་མོང་གི་རོགས་སྐྱོར་བྱ་འགུལ་ཐེངས་ཤིག་ཡིན་པས། ཀྲན་ཆི་ཧོ་སྡེ་བའི་སློབ་ཆུང་གི་སློབ་ཞུགས་བྱིས་པར་གཅེས་སེམས་ཕུལ་ཡོད།
    སློབ་མའི་ཁྱིམ་བདག་གིས་ཉོ་ཚོང་ལྟེ་གནས་ཀྱིས་བྱིས་པ་ཚོར་སློབ་སྦྱོང་ཡོ་ཆས་བསྐྱལ་བར་སྙིང་ཐག་པ་ནས་བཀའ་དྲིན་ཞུས་བ་དང་། རང་ཁྱིམ་དུ་ལོག་རྗེས་བྱིས་པར་སློབ་སྦྱོང་ཡག་པོ་དང་ཉིན་རེར་ཡར་ཐོན་ཡོང་དགོས་ཤིང་། སྦྱངས་འབྲས་བཟང་བོས་དོ་ཁུར་དང་གཅེས་སེམས་ཕུལ་མཁན་རྣམས་ལ་དྲིན་ལན་འཇལ་དགོས་པ་བསྟན།
    འགྲེམ་གཏོང་མཛད་སྒོ་མཇུག་སྒྲིལ་རྗེས། ལས་བྱེད་པ་དང་ལས་བཟོ་བའི་འཐུས་མི་དང་བཅའ་སྡོད་རོགས་སྐྱོར་བྱ་བྱེད་རུ་ཁག་ཞིང་བའི་ཁྱིམ་ཚང་དུ་ཟབ་ཞུགས་བྱས་ཏེ་འཚམས་འདྲི་དང་རྟོག་ཞིབ་བྱེད་པ་དང་། དཔྱིད་འདེབས་དང་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། དབུལ་ཕོངས་ཁྱིམ་ཚང་ལ “ཀྲུང་ཧྭ་སྦྲང”གི་གསོ་སྤེལ་ཐོན་ལས་གོང་འཕེལ་གཏོང་བར་མཛུབ་སྟོན་བྱས། ན་ནིང་གི་གསོ་སྤེལ་གྱི་རྨང་གཞིའི་སྟེང་དུ་གཞི་ཁྱོན་རྒྱ་བསྐྱེད་བཏང་ནས་ཐོན་ལས་ཀྱི་སྦྲེལ་ཐག་ཆགས་ཏེ། ཡོང་འབབ་འཕར་སྣོན་དང་དབུལ་ཐར་ཕྱུག་འགྱུར་ཡོང་བར་བརྩོན་ལེན་བྱས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།