中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། གཙོས་གྲོང་ཁྱེར་གྱིས་རོང་འབྲོག་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱས་པ།
དུས་ཚོད།2019-04-11 10:40:15     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་བའི་ལོ་ཤས་ནང་དུ། གཙོས་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་རོང་འབྲོག་སྡེའི་མི་སྡོད་ཁོར་ཡུག་སྒྲིག་བཅོས་བྱེད་པའི་རྨང་གཞིའི་སྟེང་དུ། མཛེས་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་ཚད་གཞི་ལྟར། མཛེས་པའི་གྲོང་གསེབ་ཀྱི་འཛུགས་སྐྲུན་དེ་དཔེ་སྟོན་ནས་ཁྱོན་ཡོངས་སུ་ཁྱབ་པར་སྐུལ་འདེད་བཏང་ནས། སྔར་ལས་ལྷག་པར་རོང་འབྲོག་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བྱེད་པར་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་བཏོན། མིག་སྔར་ཐུག་བར་དུ། གཙོས་གྲོང་ཁྱེར་དུ་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ(དཔེ་སྟོན་སྡེ་བ)བསྡོམས་པས 87འཛུགས་སྐྲུན་བྱས་ཡོད་པས། ནུས་ལྡན་གྱི་སྒོ་ནས་རོང་འབྲོག་སྡེའི་མི་སྡོད་ཁོར་ཡུག་ལེགས་བཅོས་བཏང་།
    སྡེ་བ་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྔོག་འདོན་བྱ་རྒྱུ་གཙིགས་སུ་འཛིན་པ་དང་། “སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ”འཛུགས་སྐྲུན་བྱེད་པའི་བརྗོད་བྱ་འབུར་དུ་ཐོན་ཞིང་། སྡེ་བའི་ནང་ཁུལ་གྱི་སྤྱི་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་འཐུས་ཚང་དུ་བཏང་། ཐོན་སྐྱེད་དང་འཚོ་བའི་རྨང་གཞིའི་ཆ་རྐྱེན་ལེགས་བཅོས་སུ་བཏང་བ་དང་། སྡེ་བའི་སློབ་གསོ་དང་འཕྲོད་བསྟེན། རིག་གནས། ལུས་རྩལ། ཚོང་ལས་དྲ་ཚིགས་སོགས་སྤྱི་བའི་ཞབས་ཞུ་འཐུས་ཚང་དུ་བཏང་ནས། སྡེ་མིའི་རྒྱུན་ལྡན་གྱི་སྨན་བཅོས་དང་སློབ་ཞུགས། ཉོ་སྒྲུབ། རོལ་རྩེད་སོགས་ཀྱི་དགོས་མཁོ་ལ་སྟབས་བདེ་བསྐྲུན། ཁྱོན་ཡོངས་ནས་སྡེ་ཚོའི“བསྒྱུར་བཞི་བཅོས་གསུམ་འགན་སྲུང་གཅིག”ལག་བསྟར་བྱས་པ་དང་། མཛེས་སྡུག་གི་གྲོང་ཚོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། ཞིང་སྡེའི་རང་བྱུང་མཛེས་ལྗོངས་དང་ཞིང་ཁའི་མཛེས་ལྗོངས་སྲུང་སྐྱོང་དང་བསྐྱར་གསོ་བྱ་རྒྱུ་གཙིཊ་འཛིན་དང་། རིའི་ཆགས་ཕྱོཊ་ལྟར་ལྗོངས་བཟོ་བ་དང་ཆུའི་འབབ་ཕྱོཊ་ལྟར་ཤིང་བཙུཊ་ནས། མཛེས་སྡུག་གི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་བྱས།
    མགྱོགས་མྱུར་གྱིས་ཁྱད་ལྡན་དམངས་ཕྱུག་ཐོན་ལས་གོང་འཕེལ་བཏང་བ་དང་། ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་གོང་འཕེལ་བཏང་ནས་ཁྱད་ལྡན་ཐོན་རྫས་གསོ་སྐྱོང་བྱེད་པར་སྣེ་ཁྲིད་བྱས། མཛེས་སྡུག་གི་གྲོང་ཚོ་འཛུགས་སྐྲུན་དང་རོང་འབྲོག་པའི་ཡོང་འཕར་གཉིས་ཕན་ཚུན་འབྲེལ་མཐུད་ཡོང་བར་སྐུལ་འདེད་བཏང་། རྩྭ་ཐང་གི་མཛེས་ལྗོངས་དང་དམངས་སྲོལ་གོམས་གཤིས། ཆོས་ལུགས་རིག་གནས། སྐྱེ་ཁམས་ཡུལ་སྐོར་སོགས་ས་གནས་ཀྱི་བབ་བཟང་ཐོན་ཁུངས་ལ་བརྟེན་ནས། རྩྭ་ཐང་གི་མཛེས་ལྗོངས་ལྟ་གཟིགས་བྱེད་པ་དང་རོང་འབྲོག་སྡེའི་གོམས་གཤིས་ཉམས་ལེན་བྱེད་པ། དམངས་སྲོལ་ཆོས་ལུགས་ཉམས་ཞིབ་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིག་གནས་མཉམ་འགུལ་བྱེད་པ་སོགས་རོང་འབྲོག་སྡེའི་ཡུལ་སྐོར་སྤྲོ་གསེང་བྱེད་སྟངས་སྣ་ཚོགས་གསར་སྤེལ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཡུལ་སྐོར་རིག་གནས་གསར་སྤེལ་བྱས། ཧུར་ཐག་གིས་རང་བྱུང་སྐྱེ་ཁམས་དང་ལོ་རྒྱུས་རིག་གནས། དམངས་སྲོལ་གོམས་གཤིས་གཅིག་ཏུ་འདུ་བའི་སྐྱེ་ཁམས་ཡུལ་སྐོར་གསར་སྤེལ་བྱས་ཤིང་། ནང་དོན་ཕུན་སུམ་ཚོགས་ཤིང་ལེགས་ཆ་མངོན་གསལ་དོད་པའི་ཡུལ་སྐོར་གྲགས་ཅན་དང་མཛེས་སྡུག་གི་གྲོང་ཚོ་བསྐྲུན་ནས། མཐོ་སྒང་བོད་ཁམས་ཀྱི་ཡུལ་སྐོར་ཆེན་མོ་དང་ཁྲོམ་ར་ཆེན་མོ། གོང་འཕེལ་ཆེན་མོ་བཅས་དང་མཛེས་སྡུག་གི་གྲོང་ཚོ་ཕན་ཚུན་སྐུལ་འདེད་གཏོང་བའི་རྣམ་པ་གསར་བ་ཆགས་པར་སྐུལ་འདེད་བཏང་།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།