中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། འབྲུག་ཆུར“ཀྲུང་ཧྭ་སྦྲང་གི་ཕ་སའི”མཚན་སྙན་ཐོབ་པ།
དུས་ཚོད།2019-04-11 10:41:01     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཀྲུང་གོ་སྦྲང་གསོའི་སློབ་ཚོགས་ཀྱི་སྐབས་བརྒྱད་པའི་རྒྱུན་ལས་ལས་འཛིན་ལྷན་ཚོགས་ཐེངས་གཉིས་པ་ཧོ་ནན་ཞིང་ཆེན་ཁྲང་ཀོ་གྲོང་ཁྱེར་དུ་ཚོགས། གྲོས་ཚོགས་ཐོག་འབྲུག་ཆུ་རྫོང་མི་དམངས་སྲིད་གཞུང་དང་ཀྲུང་གོ་སྦྲང་གསོ་སློབ་ཚོགས་ཀྱིས“ཀྲུང་ཧྭ་སྦྲང་གི་ཕ་ས”མཉམ་སྐྲུན་བྱེད་པའི་བྱ་བར་གྲོས་འཆམ་བྱུང་བ་མ་ཟད། མཉམ་སྐྲུན་ལག་ཁྱེར་སྤྲད།
    ཀྲུང་གོ་སྦྲང་གསོ་སློབ་ཚོགས་ནི་རྒྱལ་ཡོངས་སྦྲང་ལས་ཀྱི་རིག་གཞུང་གི་དབང་གྲགས་ལྡན་པའི་སྤྱི་ཚོགས་ཚོགས་པ་ཁོ་ན་ཡིན། ཐེངས་འདིའི་གྲོས་ཚོགས་ཀྱི་སྟེང་དུ། ཀྲུང་གོ་སྦྲང་གསོ་སློབ་ཚོགས་ཀྱིས་འབྲུག་ཆུ་རྫོང་ལ“ཀྲུང་ཧྭ་སྦྲང་མའི་ཕ་ས”ཞེས་པའི་མཚན་སྙན་སྤྲད་པས། རྫོང་ཡོངས་ཀྱི་ཀྲུང་ཧྭ་སྦྲང་གསོ་སྤེལ་བྱ་བ་རྩ་འཛུགས་ཅན་དང་གཞི་ཁྱོན་ཅན། འཕྲུལ་ཆས་ཅན་དང་ཐོན་ལས་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་བཏང་ཞིང་། ཐོན་ལས་དབུལ་སྐྱོར་ལ་རྨང་གཞི་བརྟན་པོ་བཏིང་།
    ཉེ་བའི་ལོ་ཤས་ནང་དུ། འབྲུག་ཆུ་རྫོང་གིས་ཐོན་ཁུངས་ཀྱི་རང་སྤུས་དང་སྐྱེ་ཁམས་ཀྱི་བབ་བཟང་ལ་བརྟེན་ནས། ཀྲུང་ཧྭ་སྦྲང་གསོ་སྤེལ་བྱ་བ་དེ་གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་གྱི་ཐོན་ལས་གཙོ་བོར་བརྩིས་ཏེ་དམ་འཛིན་བྱས་ཤིང་།  《ཀན་སུའུ་ཞིང་ཆེན་འབྲུག་ཆུ་རྫོང་ཀྲུང་ཧྭ་སྦྲང་ཐོན་ལས་ཅན་དུ་གོང་འཕེལ་གཏོང་བའི་འཛུགས་སྐྲུན་ལས་གཞིའི་ལག་བསྟར་བྱས་འཐུས་ཀྱི་ཞིབ་འཇུག་སྙན་ཞུ》བཟོ་འགོད་བྱས་ཏེ། ཀྲུང་ཧྭ་སྦྲང་གི་རིགས་རྒྱུད་ཐོན་ཁུངས་སྲུང་སྐྱོང་ཁུལ་དང་འབྲུག་ཆུ་རྫོང་ཀྲུང་ཧྭ་སྦྲང་གསོ་སྤེལ་མཐུན་ཚོགས་བཙུགས་པ་དང་། “ཐབས་གསར་གྱིས་རྒྱུད་འཕེལ་དང་ཐབས་རྙིང་གིས་གསོ་སྤེལ”བྱེད་པའི་ལག་རྩལ་ཁྱབ་གདལ་བཏང་། “དཔེ་སྟོན་སྐུལ་ཁྲིད”ཁྱབ་སྤེལ་གཙོ་བྱེད་པའི་ཀྲུང་ཧྭ་སྦྲང་གསོ་སྤེལ་ཐོན་ལས་ཀྱི་རྒྱབ་སྐྱོར་བྱེད་ཐབས་འཚོལ་ཏེ། མང་ཚོགས་དང་ཆེད་ལས་མཉམ་ལས་ཁང་དང་། རྐང་འཛིན་ཁེ་ལས་ཀྱིས་རང་འདོད་ལྟར་གདམ་ག་དང་གོང་འཕེལ་གཏོང་ཆོག་པར་བྱས་པས།  “གསོ་སྤེལ་བྱེད་མཁན(དབུལ་ཕོངས་ཅན) + ཞིང་བའི་ཆེད་ལས་མཉམ་ལས་ཁང + གསོ་སྤེལ་དཔེ་སྟོན་སྡེ་བ(གཞི་ས) + རྐང་འཛིན་ཁེ་ལས”ཀྱི་ཐོན་ལས་ཅན་གྱི་གོང་འཕེལ་རྣམ་པ་ཞིག་གྲུབ་ནས། ནུས་ལྡན་སྒོས་རྫོང་ཡོངས་ཀྱི་ཀྲུང་ཧྭ་སྦྲང་ཐོན་ལས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་བཏང་། མིག་སྔར་ཐུག་བར་དུ། རྫོང་ཡོངས་སུ་ཀྲུང་ཧྭ་སྦྲང་སྒམ་ཁྲི 4.6གསོ་སྤེལ་བྱས་ཡོད་པ་དང་། ཀྲུང་ཧྭ་སྦྲང་གསོ་སྤེལ་བྱེད་པའི་ཞིང་བའི་ཆེད་ལས་མཉམ་ལས་ཁང 118དང་། ཀྲུང་ཧྭ་སྦྲང་གསོ་སྤེལ་བྱེད་པའི་དཔེ་སྟོན་སྡེ་བ 31བསྐྲུན་ཡོད། ཀྲུང་ཧྭ་སྦྲང་གི་སྦྲང་རྩི་ཐོན་ལས་ཀྱི་ཐོན་རྫས་ལས་སྣོན་འཁོར་ཁང 1ཡོད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།