中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཅོ་ནེ་རྫོང་གིས་དབུལ་ཐར་མཁྲེགས་གཏོར་ལ་གྲུབ་འབྲས་མངོན་གསལ་བླངས་པ།
དུས་ཚོད།2019-04-17 09:24:11     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
   ལོ་འདི་དག་གི་རིང་ལ། ཅོ་ནེ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་གསར་སྤེལ་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་བྱ་བ་དེ་ཆེས་གཙོ་བོ་དང་དམངས་འཚོའི་ལས་གྲྭ་ཨང་དང་བོར་བརྩིས་པ་དང་། གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་གྱི་འཐབ་ཇུས་རྒྱུན་འཁྱོངས་བྱས་ཏེ། དབུལ་སྐྱོར་ཚད་གཞི་དང་དབུལ་སྐྱོར་ཐབས་ལམ་ཟུང་འབྲེལ་སྒོས་ཅོ་ནེ་རྫོང་ཁོངས་ཀྱི་གནས་བབ་དང་ཐོན་ཁུངས་དང་། ཐོན་ལས་གསོ་སྐྱོང་བྱ་བར་བརྟེན་ནས། དབུལ་ཐར་ཕྱུག་འགྱུར་ལ་ཐབས་ལམ་གསར་བ་བཏོན། 2013ལོ་ནས 2018ལོའི་བར་དུ། དབུལ་ཕོངས་ཁྱིམ་ཚང6448ཡི་མི་གྲངས 30420ཇེ་ཉུང་དུ་བཏང་བ་དང་། དབུལ་ཕོངས་སྡེ་བ52དབུལ་ཐར་བྱུང་སྟེ། དབུལ་ཕོངས་སུ་འགྱུར་ཚད 34.4% ནས 1.17%དུ་མར་བབས་པས། དབུལ་ཐར་མཁྲེགས་གཏོར་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད་པ་རེད།
    ཅོ་ནེ་རྫོང་གིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་གྲུབ་ཀྱི་སྤྱིའི་དམིགས་འབེན་འདི་ལ་དམ་པོར་དམིགས་ནས། དབུལ་ཐར་མཁྲེགས་གཏོར་བྱ་བས་དཔལ་འབྱོར་སྤྱི་ཚོགས་གོང་དུ་འཕེལ་བར་གཅིག་འདོམས་བྱས་པ་དང་། རིམ་པ་རེ་རེ་བཞིན་དུ་དབུལ་ཐར་མཁྲེགས་གཏོར་གྱི་སྤྱིའི་འགན་འཁྲི་དང་དུ་བླངས་ཏེ། ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོས་སྤྱིའི་འགན་ཁུར་བ་དང་། རྫོང་དང་ཤང་། སྡེ་བ་རིམ་པ་གསུམ་གྱི་ཧྲུའུ་ཅི་ཡིས་མཉམ་དུ་འཛིན་པའི་དབུལ་ཐར་མཁྲེགས་གཏོར་བྱ་བའི་མ་ལག་ཆགས་སུ་བཅུག་སྟེ། ངེས་པ་དོན་གྱིས་དབུལ་ཐར་སྲིད་ཇུས་ཕྱི་ཚུལ་ཙམ་མིན་པ་དང་། དབུལ་ཐར་དམིགས་འབེན་སྟོང་བ་མིན་པའི་དམིགས་ཡུལ་གྲུབ་ཏུ་བཅུག་ནས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དེ་ཞིབ་བཤེར་རྩིས་ལེན་བྱ་ཆོག་ཆོག་ཏུ་བཟོས།
    ཅོ་ནེ་རྫོང་གིས་ད་དུང་ཏང་འཛུགས་སྐྱོང་བྱ་བས་དབུལ་ཐར་ལ་སྣེ་ཁྲིད་པའི་ཐབས་ཇུས་ལག་བསྟར་བྱས་ཏེ། ཏང་འཛུགས་སྐྱོང་གིས་དབུལ་སྐྱོར་ལ་སྣེ་ཁྲིད་དང་དབུལ་སྐྱོར་བྱ་བས་ཏང་འཛུགས་སྐྱོང་ལ་རམ་འདེགས་བྱས་ཤིང་། ཏང་ཡོན496གིས་སྣེ་འཁྲིད་དེ་དབུལ་སྐྱོར་མཉམ་ལས་ཁང་བསྒྲུབས་པ་དང་། ཏང་ཡོན 485ཡིས་རོང་འབྲོག་སྡེའི་ཏང་ཡོན་ལ་མཉམ་འབྲེལ་བྱས་ནས་དབུལ་ཕོངས་ཁྱིམ་ཚང970ལ་ཁ་གཏད་རོགས་སྐྱོར་བྱས་པས། གཞི་རིམ་ཏང་རྩ་འཛུགས་ནི་མང་ཚོགས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་ཁྲིད་མཁན་དང་གཙོ་ཤུགས་སུ་གྱུར་ཏུ་བཅུག་ཡོད། ད་དུང་རོགས་སྐྱོར་བྱ་ཐབས་ཇེ་ལེགས་སུ་བཏང་ནས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་ནི་ལས་བྱེད་པ་སྦྱོང་བརྡར་བྱེད་ས་གཙོ་བོ་ཞིག་ཏུ་ཆགས་སུ་བཅུག་ནས། རྫོང་གི་ཐད་གཏོགས་ལས་ཁུངས་ནས་ཕུལ་དུ་བྱུང་བའི་ལས་བྱེད་པ 552གཞི་རིམ་དུ་མངགས་པ་དང་། ན་གཞོན་ལས་བྱེད་པ 54དེ་དབུལ་ཕོངས་སྡེ་བར་མངགས་ནས་ཧྲུའུ་ཅི་དང་བོའི་འགན་ཁུར་དུ་བཅུག་པ་མ་ཟད། ལས་བྱེད་པ 254དེ་སྡེ་བར་སྡོད་དུ་བཅུག་ནས་དབུལ་སྐྱོར་གྱི་དཔུང་རོགས་གཙོ་བོ་བྱས་པ་དང་། སློབ་ཆེན་ནས་མཐར་ཕྱིན་པའི་སློབ་མར་སྡེ་དཔོན་བྱེད་དུ་བཅུག་པ་བཅས་ཕྱོགས་གང་ཐད་ཀྱི་སྟོབས་ཤུགས་མཉམ་དུ་བསྡུས་ནས། ལས་བྱེད་པ་སྟོང་ཕྲག་གིས་གཞི་རིམ་མང་ཚོགས་དང་མཉམ་དུ་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཐོབ་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་སྙེག་པའི་གནས་སྟངས་བཟང་བོ་མངོན་དུ་བཅུག་ཡོད་པ་རེད།།   
            (ཚེ་རིང་རྡོ་རྗེས། )
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།