中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཀླུ་ཆུ་རྫོང་གི་དུས་ཚིགས་དང་བོའི་ལས་གཞི་འཛུགས་སྐྲུན་གྱིས་འགོ་བཟང་བོ་བརྩམས་པ།
དུས་ཚོད།2019-04-17 09:26:00     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ད་ལོ་ནས་བཟུང་། ཀླུ་ཆུ་རྫོང་གིས་སྔ་མོ་ནས་ཇུས་འགོད་དང་བཀོད་སྒྲིག་བྱས་པས་དུས་ཚིགས་དང་བོའི་ལས་གཞི་འཛུགས་སྐྲུན་འགོ་བཟང་བོ་བརྩམས་པ་མངོན་འགྱུར་བྱུང་ཞིང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་བཏང་བ་སྒོར་ཁྲི 3200འགྲུབ།
    ཀླུ་ཆུ་རྫོང་གི་ཀན་སུའུ་དང་མཚོ་སྔོན་གྱི་ས་མཚམས་དང་ཀླུའི་ཆབ་བྲག་ནས་ཀླུའི་ཆབ་བྲག་ལུང་བའི་བར་གྱི་གཞུང་ལམ་བསྐྱར་འཛུགས་ལས་གཞི་དང་ཀླུ་ཆུ་རྫོང་དེའུ་མགོ་དགོན་པའི་སྤྱི་སྤྱོད་བྱ་འགུལ་ར་བ་དང་སྒྲིག་ཆས། ཀླུ་ཆུ་རྫོང་བང་ཚང་དགོན་པའི་སྤྱི་སྤྱོད་བྱ་འགུལ་ར་བ་དང་དེའི་སྒྲིག་ཆས་སོགས་ལས་གཞི 3ཟླ 3པའི་ཟླ་མཇུག་ཏུ་སྔོན་གྲས་སུ་ལས་འགོ་བརྩམས།
    ཞིང་ཆེན་དང་ཁུལ་གྱི་པར་འགྲེམ་བྱས་ཤིང་ལག་བསྟར་བྱས་པའི“གསལ་ཐོ་གསུམ”ལ་དམ་པོར་སྦྲེལ་བ་དང 2019ལོའི་ཀྲུང་དབྱང་གི་ནོར་སྲིད་སྔོན་རྩིས་ནང་གི་མ་དངུལ་གཏོང་བའི་ལས་གཞིའི་དུས་འགོའི་བྱ་བ་སྔོན་གྲས་སུ་བཀོད་སྒྲིག་བྱས་ཤིང་། དུས་འགོའི་བྱ་བའི་མ་དངུལ་གྱི་མི་འདང་བའི་དཀའ་ངལ་བསལ་ཏེ་སྡེ་ཁག་སོ་སོས་ཟླ 3པའི་ཟླ་མཇུག་སྔོན་དུ་ལག་བསྟར་བྱས་འཐུས་ཀྱི་ཞིབ་འཇུག་སྙན་ཞུ་དང་ལས་གཞིའི་ཐོག་མའི་ཇུས་འགོད། ཨར་ལས་ཀྱི་པར་རིས་ཞིབ་བཤེར་དང་སུས་འཇོག་དེ་འགུག་བཅས་ཀྱི་དུས་འགོའི་བྱ་བ་འགྲུབ་དགོས་པའི་བླང་བྱ་བཏོན། དུས་མཚུངས་སུ་ཧུར་བརྩོན་སྒོས 2019ལོའི་ལས་གཞི་འཛུགས་སྐྲུན་ལ་མ་དངུལ་གཏོང་བའི་འཆར་གཞི་མཐུད་འབྲེལ་བྱས་ནས 2019ལོར་བཏོན་པའི་ལས་གཞི 26གི་མ་དངུལ་གཏོང་བའི་འཆར་གཞི་ཉིན 3གྱི་ནང་དུ་ལས་གཞི་འཛུགས་སྐྲུན་གྱི་སྡེ་ཚན་སོ་སོར་བརྒྱུད་སྤྲོད་བྱ་དགོས་པ་དང་། ལས་གཞི་འཛུགས་སྐྲུན་གྱི་སྡེ་ཚན་སོ་སོས་ཟླ 4བའི་ཟླ་མཇུག་སྔོན་དུ་ཕྱོགས་ཡོངས་ནས་ཨར་ལས་འགོ་རྩོམ་དགོས་པར་སྐུལ་མ་བཏང་།
སྔར་ལས་ལྷག་པར་དུ་ཞིབ་མཆན་འགོད་པའི་བརྒྱུད་རིམ་སྟབས་བདེར་གཏོང་ཆེད། དངུལ་གཏོང་ལས་གཞིའི་དྲ་ཐོག་གི་ཞིབ་མཆན་ཐད་ལྟ་སྐུལ་དོ་དམ་གྱི་སྟེགས་བུ་བརྒྱུད་དེ་ལས་གཞི་ཞིབ་མཆན་གྱི་དུས་ཡུན་ཇེ་ཐུང་དུ་བཏང་ནས་ལས་གཞིའི་དུས་འགོའི་བྱ་བ་བདེ་བླག་ངང་འགྲུབ་པར་ཁག་ཐེག་བྱས། དུས་མཚུངས་སུ། ལས་གཞི་ཡང་བསྐྱར་ལས་འགོ་རྩོམ་པར་དམ་འཛིན་བྱས་ནས་ཀླུ་ཆུ་རྫོང་གི 2018ལོའི་མཚོ་ཉིན་གྲོང་རྡལ་ཀ་ཤུལ་གྱི་སྤྱིལ་ཁང་ཁུལ་སྒྲིག་བཅོས་ལས་གཞི་དང 2018ལོའི་གཙོ་གནད་སྡེ་བའི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་ལས་གཞི་སོགས་ལས་གཞི 9ཡིས་ཨར་ལས་ཡང་བསྐྱར་འགོ་བརྩམས་ཡོད་པ་རེད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།