中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། གཙོས་གྲོང་ཁྱེར་གྱིས་ཤུགས་ཆེན་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་ལ་སྐུལ་སྤེལ་བྱས་པ།
དུས་ཚོད།2019-04-17 09:27:15     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)གཙོས་གྲོང་ཁྱེར་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱ་བར་མཐོང་ཆེན་ཚད་མཐོན་པོ་བྱས་ནས། བྱ་བའི་རྣམ་གྲངས་འདི་གནད་ཁེལ་དབུལ་སྐྱོར་ལག་བསྟར་གྱི་འདྲེན་བྱེད་གསར་བ་དང་རོང་འབྲོག་སྡེ་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ལག་བསྟར་གསར་བ། སྐྱེ་ཁམས་དཔལ་ཡོན་ལ་སྐུལ་སྤེལ་གཏོང་བའི་སྟེགས་བུ་གསར་བར་གྱུར་ནས། ཤང་གྲོང་གི་སྤྱི་ཁོག་གི་རྣམ་པ་སྟེ་གྲོང་ཁྱེར་གྱི“རྫ་མའི་ནང་གི་མེ་ཏོག”ཤང་གྲོང་གི“ར་བའི་ནང་གི་མེ་ཏོག”ཏུ་གྱུར་ཡོད།
    2018ལོར། གྲོང་ཁྱེར་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་གྱི་ལས་གཞི་དེར་ཤང་གསུམ་དང་གྲོང་རྡལ་གསུམ་དང་སྲང་ལམ་དོན་གཅོད་ཁང་གཉིས་བཅས་འདུས་པའི་རང་བྱུང་སྡེ་བ 28དང་རོང་འབྲོག་མང་ཚོགས་ཁྱིམ་ཚང 790ཡི་མི 4695དང་འབྲེལ་བ་ཡོད། ཤུགས་ཆེན་སྒོས་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་དུ་གཟབ་ནན་སྒོས“965356”འཛུགས་སྐྲུན་གྱི་ཚད་གཞི་ལྟར་ལག་བསྟར་བྱས་ནས། དམངས་སྲོལ་རིག་གནས་དང་ས་ཁོངས་རིག་གནས་ཀྱི་ཁྱད་ཆོས་ལ་གཞིགས་ནས་རྣམ་པ་བཅོས་སྒྱུར་ལེགས་གྲུབ་བྱུང་བ་དང་། ནང་ཁུལ་བཅོས་སྒྱུར་བྱས་པའི་ཁྱིམ་ཚང 536དང་སྲང་ལམ་མཁྲེགས་བཟོ་བྱས་པར་སྨི་གྲུ་བཞི་མ 17717ཡོད་པ་དང་། ཆུ་ཕྱིར་གཏོང་གི་ཆུ་ལམ་སྨི 7988གསར་འཛུགས་བྱས་པ་དང་། ལམ་འགྲམ་རི་ངོས་སྲུང་སྐྱོང་བྱས་པར་སྨི་གྲུ་བཞི་ལྷམ་པ 630དང་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ཀྱི་གཙོ་གཞི 16དང་། སྤྱི་སྤྱོད་གཙང་སྤྱོད་ཁང 8བཅས་ཀྱི་འཛུགས་གྲུབ་བྱས་པ་དང་། གསོ་སྤེལ་གྱི་དྲོད་ཁང 25ཡི་གཙོ་གཞི་འགྲུབ་པ་དང་རྨང་གཞི 57འགྲུབ་ཡོད། དམངས་ལ་སྟབས་བདེ་སྐྲུན་པའི་ཟམ་པ 9འགྲུབ་པ་དང་ཐང་ཆེན 10འཛུགས་གྲུབ་བྱས་ཡོད། ཤང་སྡེའི་གར་སྟེགས 10ཡི་གཙོ་གཞི་འགྲུབ་ཡོད། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བའི་འཛུགས་སྐྲུན་གྱི་རོང་འབྲོག་སྡེའི་སྤྱི་ཁོག་གི་རྣམ་པར་གནམ་ས་བླ་འོག་སྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་རོང་འབྲོག་དམངས་ཀྱི་བདེ་སྐྱིད་ཀྱི་གཞི་གྲངས་ཇེ་མཐོར་བཏང་།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།