中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། རང་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་བྱ་བར་བསྟུད་མར་སྐུལ་འདེད་བཏང་བ།
དུས་ཚོད།2019-04-24 09:46:49     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     གསར་འགོད་པས་ཟླ 4པའི་ཚེས 12ཉིན་ལ་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་ལོ་ནས་བཟུང་། ཀན་ལྷོ་ཁུལ་གྱིས་ཕྱོགས་ཡོངས་ནས་གནད་ཁེལ་དབུལ་སྐྱོར་དང་གནད་ཁེལ་དབུལ་ཐར་གྱི་གཞི་རྩའི་ཐབས་ཇུས་ལག་བསྟར་བྱས་ནས། ཀན་ལྷོའི་དོན་དངོས་དང་འཚམ་པའི་དབུལ་སྐྱོར་དབུལ་ཐར་གྱི་ཐབས་ལམ་བཙལ་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་ལོའི་དམིགས་འབེན་ཁྱོན་ ཡོངས་ནས་གྲུབ་སྟེ། དབུལ་ཐར་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོན་ཡོད། 2018ལོའི་ལོ་མཇུག་བར་དུ། ཁུལ་ཡོངས་ཀྱི་དབུལ་ཕོངས་མི་གྲངས་དེ 2013 ལོའི་ལོ་མཇུག་གི་ཁྲི 17.12ནས་ཁྲི 2.16ཇེ་ཉུང་དུ་བཏང་བ་དང་། དབུལ་ཕོངས་སུ་འགྱུར་ཚད་དེ 30.43%ནས 3.89%རུ་མར་བབ་པ་མ་ཟད། དབུལ་ཕོངས་སྡེ་བ 200དེ་དབུལ་ཐར་བྱུང་བས་ཁུལ་ཡོངས་ཀྱི་དབུལ་ཕོངས་སྡེ་བའི་སྤྱི་གྲངས་ཀྱི་65%ཟིན་ཡོད།
    མཚམས་སྦྱོར་བྱས་པར་གཞིགས་ན། 2018ལོར་ཀན་ལྷོ་ཁུལ་གྱི་ཀླུ་ཆུ་དང་རྨ་ཆུ། བསང་ཆུ། ཅོ་ནེ། ཐེ་བོ་སོགས་རྫོང་ལྔ་ཡི་སྣ་འཛོམས་དབུལ་ཕོངས་སུ་འགྱུར་ཚད་དེ 2% མན་ཆད་དུ་མར་བབ་པ་དང་། དབུལ་ཕོངས་སྡེ་བ 97%ཡན་ཆད་དབུལ་ཐར་བྱུང་སྟེ། ཁུལ་ཡོངས་ཀྱི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བ་དང་། རོང་འབྲོག་སྡེའི་མི་རེའི་ཆ་སྙོམས་བགོ་བཤའ་ཆོག་པའི་ཡོང་འབབ་དེ་སྒོར 7677ཡིན་པས 9.71%འཕར། ཐུན་མོང་དཔལ་འབྱོར་གཉེར་བའི་ལས་རིགས་སྤེལ་ཏེ། སྡེ་བ་སོ་སོར་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང33900ཡིས་མ་རྐང་འཇོག་པའི་ཐབས་ཀྱིས་ཐུན་མོང་དཔལ་འབྱོར་ལས་ཁེ་ཕན་འཐོབ་ཅིང་། ཁྱིམ་ཚང་རེ་ལ་ཡོང་སྒོ་སྒོར1000 ཡན་བགོས་ཡོད།
    དུས་མཚུངས་སུ། རང་ཁུལ་གྱི་གཞི་རྩའི་སྨན་བཅོས་འགན་སྲུང་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་སྟེ། དབུལ་ཕོངས་མང་ཚོགས་ཀྱི་སེམས་འཁུར་མེད་པ་གཉིས་རྩ་བའི་ཆ་ནས་ཐག་བཅད་ཡོད་པ་དང་། དམངས་འཚོ་བསྟུད་མར་ཇེ་ལེགས་སུ་འགྲོ་བཞིན་ཡོད། སློབ་གསོའི་དབུལ་སྐྱོར་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། སློབ་བྱོལ་བྱིས་པའི་སློབ་མ 5624ཚང་མ་ཕྱིར་སློབ་གྲྭར་བསྐྱལ་བ་དང་། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་ 98.23%ལ་བསླེབས་ཡོད། ཐེ་བོ་རྫོང་དང་བསང་ཆུ་རྫོང་གི་འོས་འགན་སློབ་གསོའི་དོ་མཉམ་འཕེལ་རྒྱས་ལ་རྒྱལ་ཁབ་རིམ་པའི་ཞིབ་བཤེར་རྩིས་ལེན་དང་ཆོག་མཆན་ཐོབ། གཞི་རྩའི་སྨན་བཅོས་འགན་སྲུང་དང་ ནད་ཚབས་ཆེན་གྱི་སྨན་བཅོས་འགན་སྲུང་། སྨན་བཅོས་རོགས་རམ་བཅས་ཀྱི་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། གཞི་རྩའི་སྨན་བཅོས་འགན་སྲུང་དེ་ས་ཆ་གཞན་ནས་སྨན་བཅོས་བྱས་ནའང་འགྲོ་སོང་རྩིས་ཞུ་ཐུབ་པར་བྱས་པ་དང་། དབུལ་ཕོངས་མི་གྲངས་སྨན་ བཅོས་འགན་སྲུང་དུ་ཞུགས་ཚད 100%དང་ཁྱིམ་ཚང་སྨན་པ་གཏན་ཁེལ་བྱུང་ཚད 99%ལ་བསླེབས། རོང་འབྲོག་སྡེའི་སྡོད་ཁང་ཉེན་ཁ་ཅན་ཚང་མ་མེད་པར་བཏང་ནས་ཞིག་གསོ་བྱས་པ་དང་། འཐུང་ཆུ་བདེ་འཇགས་བཟོ་སྐྲུན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། མ་མཐའི་འཚོ་བ་འགན་སྲུང་བྱེད་ཚད་དེ་འགན་སྲུང་བྱ་དགོས་པ་ཚང་མར་ འགན་སྲུང་ཐོབ་ཏུ་བཅུག་ཡོད།
མཚམས་སྦྱོར་བྱས་པ་ལྟར་ན། གོ་རིམ་རྗེས་མར་ཀན་ལྷོ་ཁུལ་གྱིས་ས་ཁུལ་གཉིས་རྫོང་གཅིག་གི་དབུལ་ཐར་མཁྲེགས་གཏོར་འཆར་གཞི་རྩ་འཛུགས་ལག་བསྟར་བྱས་ནས། སེམས་འཁུར་མེད་པ་གཉིས་དང་འགན་སྲུང་གསུམ་གྱི་ཚད་གཞི་ལྟར། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་གཙོ་བོ་དག་བཟང་བོར་བསྒྲུབས་ནས་མི་འདང་སར་ཁ་གསབ་དང་། དབུལ་ཐར་བྱུང་རྗེས་ཀྱི་ཆ་རྐྱེན་ཇེ་བཟང་ཇེ་ལེགས་སུ་གཏོང་བའི་བྱ་བར་མུ་མཐུད་དུ་འབད་པ་བྱས་ནས། ཞིང་སྡེ་བསྐྱར་དར་གྱི་འཐབ་ཇུས་ལག་བསྟར་བྱེད་པར་སྐུལ་འདེད་དང་། བྱ་བའི་བྱེད་ཐབས་ཇེ་ལེགས་སུ་བཏང་ནས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་འདི་མཐའ་གཅིག་ཏུ་བཟང་བོར་བསྒྲུབ་རྒྱུའི་སེམས་ཐག་བཅད་ཡོད་པ་རེད།།    (ཚེ་རིང་རྡོ་རྗེས། )
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།