中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཞིང་ཆེན་མ་བུ་བདེ་སྲུང་ཁང་གིས་ཁ་གཏད་རོགས་སྐྱོར་བྱེད་པའི་ཀན་ལྷོའི་ཡན་ལག་སྨན་ཁང་འགོ་རྩོམ་པའི་ཚོགས་འདུ་དང་སྒྲིག་ཆས་ཕུལ་བའི་མཛད་སྒོ་སྤེལ་བ།
དུས་ཚོད།2019-04-24 09:48:51     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
     (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཞིང་ཆེན་མ་བུ་བདེ་སྲུང་སྨན་ཁང་གིས་ཚོགས་པ་བཙུགས་ནས་བོད་སྐྱོར་དང་བདེ་ཐང་དབུལ་སྐྱོར་ཁ་གཏད་རོགས་སྐྱོར་གྱི་ཀན་ལྷོའི་ཡན་ལག་སྨན་ཁང་འགོ་རྩོམ་པའི་མཛད་སྒོའི་ཚོགས་ཆེན་དང་སྒྲིག་ཆས་ཞལ་འདེབས་སུ་ཕུལ་བའི་མཛད་སྒོ་ཁུལ་མ་བུ་བདེ་སྲུང་ཁང་དུ་སྤེལ།
    མཛད་སྒོའི་སྟེང་དུ། ཞིང་ཆེན་མ་བུ་བདེ་སྲུང་ཁང་གིས་ཁུལ་མ་བུ་བདེ་སྲུང་ཁང་ལ་རིན་གོང་སྒོར་ཁྲི 30ལྷག་ཡིན་པའི་སྨན་བཅོས་སྒྲིག་ཆས་ཞལ་འདེགབ་སུ་ཕུལ་བ་དང་། 2019ལོའི་ཚོགས་པ་བཙུགས་ནས་བོད་སྐྱོར་བྱེད་པའི་རོགས་སྐྱོར་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་མ་ཟད། མངགས་གཏོང་བྱེད་པའི་ཞིང་ཆེན་མ་བུ་བདེ་སྲུང་ཁང་གི་བོད་སྐྱོར་ཚོགས་པའི་ནད་ཞབས་པ་དང་། བྱིས་པའི་ཚན་ཁག བྱིས་པའི་བདེ་སྲུང་། བུད་མེད་ཚན་ཁག་སོགས་ཀྱི་ཆེད་མཁས་པ 4ཡིས་སློབ་ཁྲིད་བྱས།
    ཉེ་བའི་ལོར། ཞིང་ཆེན་རྩ་འཛུགས་པུའུ་དང་ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཀན་ལྷོའི་བོད་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་བའི་དོན་དངོས་དང་པ་སྦྲེལ་ནས་ཀན་སུའུ་ཞིང་ཆེན་སྨན་བཅོས་འཇོན་མི“ཚོགས་སྒྲིག་ཚུལ”གྱི་བོད་སྐྱོར་བྱ་བ་རྩ་འཛུགས་བྱས། 2016ལོ་ནས་བཟུང་། ཞིང་ཆེན་མ་བུ་བདེ་སྲུང་ཁང་གིས་ཀན་ལྷོ་ཁུལ་མ་བུ་བདེ་སྲུང་ཁང་ལ་ཁ་གཏད་རོགས་སྐྱོར་བྱ་བ་སྤེལ་འགོ་བརྩམས་པ་ནས་བཟུང་། “སྤྱི་ཁོག་ནས་རོགས་སྐྱོར་དང་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་བ། གཙོ་གནད་སྐུལ་སྤེལ་བྱེད་པའི”བོད་སྐྱོར་བྱ་བའི་ཐབས་ཇུས་བཏོན་ནས་སྔ་གཞུག་ཏུ་དོ་དམ་དང་ཆེད་ལས་ལག་རྩལ་མི་སྣ་སྐབས 19ཡི་མི 98མངགས་ནས་ཆེད་ལས་ལག་རྩལ་ཐད་རོགས་སྐྱོར་གྱི་བྱ་བ་སྤེལ། རོགས་སྐྱོར་བྱས་པ་བརྒྱུད། ཁུལ་མ་བུ་བདེ་སྲུང་ཁང་གི་རིག་གནས་འཛུགས་སྐྲུན་དང་མིང་རྟགས་འཛུགས་སྐྲུན། སྨན་ཁང་གི་དོ་དམ། བྱས་རྗེས་དང་ལས་ཆོད་དོ་དམ། ཚན་རིག་གི་གོང་འཕེལ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ་སོགས་ཀྱི་ཐད་དུ་གྲུབ་འབྲས་མངོན་གསལ་བླངས་པ་དང་། སྒོ་བསྟེན་ཁང་དང་ནད་པའི་སྡོད་ཁང་གི་ནད་པ་དུས་མཚུངས་ལས་ཇེ་མང་དུ་སོང་བ་དང་སྨན་བཅོས་ཀྱི་ལག་རྩལ་མང་བོའི་མངའ་ཁོངས་སུ“གོར་ཐིག”ཡིན་པ་ཚད་བརྟོལ་བ་མངོན་འགྱུར་བྱུང་ཞིང་། ཁུལ་ཡོངས་ཀྱི་མ་བུ་བདེ་ཐང་གནས་ཚུལ་ལེགས་བཅོས་ཆེན་པོ་ཐོབ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།