中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཀན་ལྷོའི་དྲ་ལམ་ཚོང་དོན་དབུལ་སྐྱོར་ཐད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ།
དུས་ཚོད།2019-04-24 09:49:53     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
      (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)སྔོན་ཆད་ངས་རྩྭ་ཕག་གསོས་པ་གྲོགས་པོ་རྣམས་ཀྱིས་གཞན་ལ་མཚམས་སྦྱོར་བྱས་པ་བརྒྱུད་ལོ་གཅིག་གི་ནང་དུ་ཕག 200ལྷག་ལས་ཕྱིར་འཚོང་མི་ཐུབ། ད་ལྟ་དྲ་ལམ་ཚོང་དོན་ཞབས་ཞུ་ལྟེ་གནས་དང‘ཁ་ལ་དགའ’སོགས་དྲ་ལམ་ཚོང་དོན་དྲ་རྒྱའི་སྟེགས་བུས་ཕྱིར་འཚོང་རོགས་རམ་བྱེད་པ་ནས་བཟུང་། ལོ་གཅིག་གི་རིང་ལ་ཕག 120མང་དུ་འཚོང་ཐུབ། ‘དྲ་ལམ་ཚོང་དོན་དབུལ་སྐྱོར’སྲིད་ཇུས་ཀྱི་རོགས་སྐྱོར་འོག ངའི་ཡོང་སྒོ་ཆེས་ཆེར་འཕར་ཡོད། ཅེས་སྡེ་མི་དབྱང་ཁྲང་ཕིན་གྱིས་བཤད།
    དབྱང་ཁྲང་ཕིན་ནི་གཙོས་གྲོང་ཁྱེར་ཁ་གྱ་སྨད་ཤང་ཧེ་མཁར་སྡེ་བའི་གནད་ཁེལ་དབུལ་སྐྱོར་གྱི་ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་ཁྱིམ་ཚང་ཡིན། ཁྱིམ་ཚང་གི་འཚོ་བའང་དེ་འདྲའི་བཟང་རྒྱུ་མེད། ཡིན་ཡང་ཁོས་དབུལ་ཕོངས་ལ་མགོ་མི་སྒུར་བར་རྩྭ་ཕག་བརྒྱ་ལྷག་གསོས་ནས་ཁྱིམ་ཚང་གི་ཞིང་ར་བཙུགས། ‘དྲ་ལམ་ཚོང་དོན’གྱི་སྲིད་ཇུས་རོགས་སྐྱོར་ཡོད་པ་ནས་བཟུང་ཁ་གྱ་སྨད་ཤང་རྒྱ་སྒོ་སྡེ་བའི་གློག་རྡུལ་ཚོང་དོན་ཞབས་ཞུ་གནས་དང“ཁ་ལ་དགའ”སོགས་དྲ་ལམ་ཚོང་དོན་སྟེགས་བུ་ནས་ཁོ་ལ་རྩྭ་ཕག་གི་ཤ་ཕྱིར་འཚོང་བྱེད་རོགས་བྱས་པས། ད་ལྟ་རྩྭ་ཕག་གི་ཤ་དྲ་ལམ་ནས་ཕྱིར་འཚོང་བྱེད་ཚད་སྤྱིའི་ཕྱིར་འཚོང་ཚད་ཀྱི 40%ཟིན།
    ཉེ་བའི་ལོར། རང་ཁུལ་གྱིས་ཤུགས་ཆེན་སྒོས་ཞིང་སྡེའི་གློག་རྡུལ་ཚོང་དོན་སྤྱི་བའི་ཞབས་ཞུའི་མ་ལག་འཛུགས་སྐྲུན་བྱས་པ་དང་། ཧུར་བརྩོན་སྒོས“དྲ་ལམ་ཚོང་དོན་སྟེགས་བུ+ཀུང་སི +གཞི་ས+མཉམ་ལས་ཁང +རོང་འབྲོག་དམངས་ཀྱི་ཁྱིམ་ཚང”བཅས་ཡིན་པའི་དྲ་ལམ་ཚོང་དོན་དབུལ་སྐྱོར་གོང་འཕེལ་གྱི་རྣམ་པ་གསར་བ་འཚོལ་ཞིབ་བྱས་ནས། རིམ་བཞིན་ཀན་ལྷོའི་བོད་ཁུལ་ལ་འཚམ་པའི་དྲ་ལམ་ཚོང་དོན་གནད་ཁེལ་དབུལ་སྐྱོར་གྱི་ལམ་བུ་གསར་བ་རྙེད།
    ད་ལྟ་ཁུལ་ཡོངས་སུ་རྫོང་རིམ་པའི་གློག་རྡུལ་ཚོང་དོན་ཞབས་ཞུའི་ལྟེ་གནས 8ཡོད་པ་དང་ཤང་དང་གྲོང་རྡལ་རིམ་པའི་ཞབས་ཞུའི་ལྟེ་གནས 89དང་སྡེ་བ་རིམ་པའི་གློག་རྡུལ་ཚོང་དོན་ཞབས་ཞུའི་ལྟེ་གནས 224ཡོད། རྫོང་རིམ་པའི་གློག་རྡུལ་ཚོང་དོན་གྱི་ཞབས་ཞུའི་ལྟེ་གནས་ཀྱིས་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱུང་། ཤང་རིམ་པའི་གློག་རྡུལ་ཚོང་དོན་ཞབས་ཞུའི་ཁྱབ་ཚད 89%ལ་བསླེབས། དབུལ་ཕོངས་སྡེ་བའི་གློག་རྡུལ་ཚོང་དོན་ཞབས་ཞུའི་ལྟེ་གནས་ཀྱི་ཁྱབ་ཚད 79%ལ་བསླེབས། རང་ཁུལ་གྱི“དྲ་བརྒྱུད་ཚོང་དོན་དབུལ་སྐྱོར”གྱི་གྲུབ་འབྲས་གཡུར་དུ་ཟ་བ་བླངས། མིག་སྔར་ཐུག་བར་དུ། ཁུལ་ཡོངས་སུ་དྲ་བརྒྱུད་ཚོང་དོན་གྱི་སྟེགས་བུ་སྤྱད་དེ་ཞིང་ཕྱུགས་ཁྱད་ཐོན་ཕྱིར་འཚོང་བྱེད་པ་སྒོར་ཁྲི 200ལྷག་ཡོད་པ་དང་། ལོ་རེར་འཕར་ཚད 300%ལས་བརྒལ་བ་དང་། ཁུལ་ཡོངས་ཀྱི་དྲ་ལམ་ཚོང་དོན་ཁེ་ལས་དང་གློག་རྡུལ་ཚོང་དོན་ཞབས་ཞུའི་ལྟེ་གནས་སུ་ལས་ཀ་གཉེར་བཞིན་པའི་མི 2100ལྷག་ཡོད་པ་དང་དབུལ་ཕོངས་མི་གྲངས 4000ལྷག་གི་སྣེ་ཁྲིད་དེ་ཡོང་སྒོ་འཕར་བར་མངོན་འགྱུར་བྱུང་། མི་རེར་ལོ་རེའི་ཆ་སྙོམས་འཕར་ཚད་སྒོར 2000རེ་ཡོད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།