中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་དུས་ཚིགས་དང་བོའི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས་པ།
དུས་ཚོད།2019-05-08 09:04:58     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་དུས་ཚིགས་དང་བོའི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་བསྡུས།
    ཚོགས་འདུའི་སྟེང་དུ། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་འགན་ཁུར་བས 2018ལོའི་ཁུལ་ཡོངས་ཀྱི་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་བྱ་བའི་གནས་ཚུལ་ངོ་སྤྲོད་བྱས་ཤིང་། སྦགས་བཙོག་འགོག་བཅོས་ཚན་ཁག་དང་རང་བྱུང་སྐྱེ་ཁམས་ཚན་ཁག་གི་འགན་ཁུར་བས་འབྲེལ་ཡོད་གནད་དོན་ལ་ལན་བཏབ།
2018ལོར། རང་ཁུལ་གྱིས་ཆེས་ཚད་གཞི་མཐོ་ལ་གཞི་ཁྱོན་ཆེ་ཞིང་། ཆེས་དོན་སྙིང་ལྡན་པའི་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་བསྡུས་ནས། སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་བྱ་བར་རྒྱལ་ཁ་ལེན་པའི “1348”མཁྲེགས་གཏོར་བྱ་ཐབས་བཏོན་པས། སྦགས་བཙོག་འགོག་བཅོས་མཁྲེགས་གཏོར་བྱ་བར་དགེ་མཚན་ལྡན་པའི་གོང་འཕེལ་ཐོབ་པ་དང་། དམིགས་འབེན་ལས་འགན་ཁག་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་། རྫོང་བདུན་དང་གྲོང་ཁྱེར་གཅིག་གི་གྲོང་ཁུལ་གྱི་མཁའ་རླུང་གི་སྤུས་ཚད་ཀྱི་ཚད་གཞིར་ཞིང་ཆེན་ཡོངས་ཀྱི་སྔོན་གྲས་སུ་མངོན་འགྱུར་བྱུང་། ལྷག་པར་དུ། ཁུལ་སྲིད་གཞུང་གི་སྡོད་གནས་གཙོས་གྲོང་ཁྱེར་གྱི་གྲོང་ཁུལ་གྱི་མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་ནི 93.6%ཡིན་པས། ཞིང་ཆེན་ཡོངས་ཀྱི་ཨང་དང་བོར་གནས། རྔུབ་རུང་རིལ་བུ(PM10)ཡི་ཆ་སྙོམས་གར་ཚད་སྨི་གྲུ་བཞི་ལྷམ་པ་རེར་ཝའེ་ཁའོ 63ཡིན་པས། ལོ་འཁོར་གྱི་དམིགས་ཚད་ལས་སྨི་གྲུ་བཞི་ལྷམ་པ་རེར་ཝའེ་ཁའོ 7གྱིས་དམའ་བ་དང་། དུས་མཚུངས་ལས 7.4%ཡིས་མར་བབས། རིལ་རྡུལ་ཕྲ་མོ(PM2.5)ཡི་ཆ་སྙོམས་གར་ཚད་སྨི་གྲུ་བཞི་ལྷམ་པ་རེར་ཝའེ་ཁའོ 32ཡིན་པས། ལོ་འཁོར་གྱི་དམིགས་ཚད་ལས་སྨི་གྲུ་བཞི་ལྷམ་པ་རེར་ཝའེ་ཁའོ 4ཡིས་དམའ་བ་དང་། དུས་མཚུངས་ལས 11.1%གིས་མར་བབས། ཁུལ་ཡོངས་ཀྱི་ས་ངོས་ཀྱི་ཆུ་རྒྱལ་ཁབ་ཀྱིས་ཚོད་འཛིན་དང་ལྟ་ཞིབ་ཚད་ལེན་བྱེད་པའི་ཆད་ངོས 2དང་ས་ངོས་ཀྱི་ཆུ་ཞིང་ཆེན་གྱིས་ཚོད་འཛིན་དང་ལྟ་ཞིབ་ཚད་ལེན་བྱེད་པའི་ཆད་ངོས 8  གཅིག་བསྡུས་ཅན་གྱི་འཐུང་ཆུའི་ཆུ་མགོ་ཁུལ་གྱི་ཆུའི་སྤུས་ཚད་ལོན་ཚད་ཆ་སྙོམས་ཀྱིས 100%ལ་བསླེབས། སྦགས་བཙོག་དངོས་རྫས་གཙོ་གྲས་བཞི་ཡི་ཕྱིར་འབུད་བྱེད་ཚད་ཞིང་ཆེན་གྱིས་གཏན་ཁེལ་བྱས་པའི་དམིགས་འབེན་གྱི་ཁྱབ་ཁོངས་སུ་ཚོད་འཛིན་བྱས་ཡོད། 2015ལོ་དང་བསྡུར་ན། རྫས་འགྱུར་དབྱང་གི་མཁོ་ཚད་ཏུན 450.59དང་ཨན་ཏན་ཏུན 42.48  དབྱང་གཉིས་ཟི་རྫས་ཏུན 73  ཏན་དབྱང་འགྱུར་རྫས་ཏུན 20ཇེ་ཉུང་སོང་བས། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་བཅོས་བྱུང་།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།