中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཀན་ལྷོ་ཁུལ་ཁྲིམས་འཛིན་ཅུས་ཀྱིས་སྡེ་ཁུལ་ཡོ་བསྲང་དོ་དམ་ཅུས་དངོས་སུ་བཙུགས་པ།
དུས་ཚོད།2019-05-08 09:10:36     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)རང་ཁུལ་གྱི་སྒྲིག་གཞི་བསྒྱུར་བཅོས་ཀྱི་བཀོད་སྒྲིག་ལྟར། ཁུལ་ཁྲིམས་འཛིན་ཅུས་ཀྱིས་ལས་ཁུངས་བསྐྱར་སྒྲིག་བྱས་ཤིང་། ཁུལ་ཨུའི་ཆོག་མཆན་ཐོབ་པ་བརྒྱུད། ཁུལ་ཁྲིམས་འཛིན་ཅུས་ཀྱི་སྡེ་ཁུལ་ཡོ་བསྲང་ཅུས་བཙུགས།
    ཁུལ་ཁྲིམས་འཛིན་ཅུས་ཀྱི་སྡེ་ཁུལ་དོ་དམ་ཅུས་བཙུགས་པ་ཡིས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་སྡེ་ཁུལ་ཡོ་བསྲང་བྱ་བར་དོ་སྣང་དང་ཐུགས་ཁུར་བྱེད་པ་མཚོན་པ་མ་ཟད། རང་ཁུལ་གྱི་སྡེ་ཁུལ་ཡོ་བསྲང་བྱ་བ་དུས་རིམ་གསར་བ་ཞིག་ཏུ་སླེབས་པ་མཚོན། སྡེ་ཁུལ་ཡོ་བསྲང་ལམ་ལུགས་འཐུས་ཚང་དང་སྡེ་ཁུལ་གྱི་ཁྲིམས་ཆད་འཁུར་མཁན་ལ་ལྟ་སྐུལ་དོ་དམ་དང་སློབ་གསོ་རོགས་སྐྱོར་བྱེད་པར་ཤུགས་སྣོན་དང་། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པར་དོན་སྙིང་གལ་ཆེན་ལྡན། ཁུལ་ཁྲིམས་འཛིན་ཅུས་ཀྱིས་སྡེ་ཁུལ་ཡོ་བསྲང་དོ་དམ་ཅུས་འཛུགས་པའི་གོ་སྐབས་ལ་བརྟེན་ནས། སྔར་ལས་ལྷག་པར་དུ་རྫོང་དང་གྲོང་ཁྱེར་སོ་སོས་མགྱོགས་མྱུར་གྱིས་སྡེ་ཁུལ་ཡོ་བསྲང་གི “རུ་ཁག་འཛུགས་ལུགས”ཀྱི་སྒྲིག་གཞིའི་དཔུང་ཁག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་མཛུབ་སྟོན་དང་། སྡེ་ཁུལ་ཡོ་བསྲང་བྱ་བའི་ལས་འགན་ལག་བསྟར་ནན་མོ་བྱས་ཤིང་། ཁྱོན་ཡོངས་ནས་སྡེ་ཁུལ་ཡོ་བསྲང་བྱ་བ་རྒྱུན་མཐུད་ངང་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་།
    ཤེས་རྟོགས་བྱུང་བ་ལྟར་ན། སྡེ་ཁུལ་ཡོ་བསྲང་བྱ་བ་སྤེལ་བ་ནས་བཟུང་། ཁུལ་ཡོངས་སུ་སྡེ་ཁུལ་གྱི་ཁྲིམས་ཆད་ཁུར་མཁན་བསྡོམས་པས་མི 1579བསྡུ་ལེན་བྱས་ཤིང་། ད་ལྟ་ཐོ་འགོད་བྱས་པའི་སྡེ་ཁུལ་གྱི་ཁྲིམས་ཆད་ཁུར་མཁན་མི 353ཡོད་པ་དང་། སྤྱི་ཚོགས་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་གྱོད་དོན་དང་དོན་རྐྱེན་ཚབས་ཆེན་བཟོས་མེད་པས། བདེ་འཇགས་ཀྱི་ཀན་ལྷོ་དང་ཁྲིམས་སྐྱོང་གི་ཀན་ལྷོའི་འཛུགས་སྐྲུན་ལ་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།