中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། སྟག་འབུམ་རྒྱལ་གྱི་ལས་སྐྲུན་གཏམ་རྒྱུད།
དུས་ཚོད།2019-05-10 15:22:06     རྩོམ་གྱི་ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།     ཆུང་། | འབྲིང་། | ཆེ།
རྫོང་མཁར་ཕྱོགས་སུ་སོང་ནས་རྨ་ཆུའི་ཟམ་ཆེན་ཁར་བུད་པ་ན། ལམ་འགྲམ་གྱི་ལྷོ་ངོས་སུ“གཅན་ཚ་རྫོང་གློག་རྡུལ་ཚོང་དོན་ཉམས་ལེན་ཚོང་ཁང”ཞེས་པའི་སྒོ་བྱང་ཞིག་མིག་ལམ་དུ་གསལ་པོར་ཤར་འདུག
 
ནང་དུ་སོང་ན་མདུན་ཕྱོགས་ཀྱི་ཟོང་སྒྲོམ་བཞིའི་སྟེང་དུ་སྤོས་དང་རྡོ་བརྐོས། ཆོས་དཔེ་སོགས་མི་རིགས་བཟོ་རྩལ་ཐོན་རྫས་ལེགས་ཤོས་དང་རྩམ་པ། ཆུ་ར་སོགས་ཐུམ་ལེགས་པོ་བརྒྱབ་པའི་ཞིང་ཕྱུགས་ཐོན་རྫས་གྲལ་འགྲིག་པོར་བཤམས་འདུག ཚོང་ཁང་གི་ཟུར་ཞིག་ན་གཡང་མདའ་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་པ་སྟག་འབུམ་རྒྱལ་གྱིས་གློག་ཀླད་སྟེང་ཉིན་དེའི་མཇུག་མཐའི་ཚོང་ཟོང་མངག་ཉོ་བརྡ་ཐོ་ཐག་གཅོད་ཀྱིན་འདུག ལག་གི་ལས་ཀ་བསྒྲུབས་ཚར་རྗེས་ལོ་རབས80པའི་རྗེས་སུ་སྐྱེས་པའི་སྤྱི་གཉེར་པ་དེས་ཁོའི་གཏམ་རྒྱུད་བཤད་བྱུང་།
 
“དེ་ནི་སློབ་ཆེན་ནས་མཐར་ཕྱིན་པའི་ལོ་དེ་ནས་བཤད་དགོས”ཟེར་ཞོར། སྟག་འབུམ་རྒྱལ་གྱིས་རང་གིས་ལས་སྐྲུན་བྱེད་མགོ་རྩོམ་པའི་ལོ་དེ་ནས་ཕྱིར་དྲན་བྱས། 2006ལོར། སློབ་གྲྭ་ནས་བུད་མ་ཐག་པའི་ཁོར་མཚོན་ན། ཉལ་གདན་ཁུར་ཏེ་ཕ་ཡུལ་དུ་ལོག་པའི་མེ་འཁོར་བསྡད་པ་དེ་ནི་དང་ལེན་བྱེད་དཀའ་བའི་དོན་དག་ཅིག་ཡིན། བསམ་བློ་ཡང་ཡང་བཏང་མཐར་ཁོས་ཁྲིན་ཏུའུ་རུ་བསྡད་ནས་གྲོགས་པོ་གཉིས་དང་མཉམ་དུ་ཡུལ་སྐོར་ཁང་ཞིག་གཉེར་རྒྱུའི་ཐག་བཅད། དེ་ནས་བཟུང་ལང་ཚོའི་དཔལ་འབར་བའི་སྟག་འབུམ་རྒྱལ་དགའ་དགའ་སྤྲོ་སྤྲོའི་ངང་རང་གི་ལས་སྐྲུན་གྱི་ལམ་དུ་ཞུགས།
 
“2014ལོའི་སྔོན་གྱི་གཅན་ཚ་རྫོང་ལ་ཕལ་ཆེར་དམངས་གཉེར་ཀུང་སི་དང་མཉམ་ལས་ཁང་ཟེར་བ་ཞིག་མེད་ལ། ཚང་མས་ཚོང་ཆུང་ཆུང་རྒྱག་བཞིན་འདུག”ལོ་མང་པོའི་འབད་པ་བརྒྱུད་དེ་ཁེ་སྤོགས་ཅུང་ཙམ་ཐོབ་པའི་སྟག་འབུམ་རྒྱལ་སྤྲོ་སེམས་འཁོལ་བའི་ངང་ནས་ཕ་ཡུལ་དུ་ལོག་པ་དང་། ཕ་ཡུལ་གྱི་གློག་རྡུལ་ཚོང་དོན་གཉེར་མཁན་ཆེས་ཐོག་མར་གྱུར། “གཞེས་ནིང་ལོར་སྲིད་གཞུང་གིས་དབུལ་སྐྱོར་མ་དངུལ་སྒོར་ཁྲི30བྱིན་པས། ངས་སྒོར་མོ་དེ་མ་རྩ་བྱས་ནས་ཀུང་སི་འདི་ཕྱེས་པ་ཡིན།” 2015ལོར་སྟག་འབུམ་རྒྱལ་གྱིས་དབུལ་སྐྱོར་མ་དངུལ་བཀོལ་ནས་ཁང་པ་ཞིག་གླས་པ་དང་གློག་ཀླད་ཉོས་ནས་དྲ་བའི་སྟེགས་བུ་ཞིག་སྟེ་གཅན་ཚ་རྫོང་གློག་རྡུལ་ཚོང་དོན་ཉམས་ལེན་ཚོང་ཁང་བཙུགས་ཤིང་། 2016ལོར་ཁོས་ལས་བཟོ་པ12བསྡུས་ནས་དྲ་བའི་སྟེགས་བུ་དང་ཚོང་རྟགས། ཐོན་རྫས་གསལ་བཤད་ཡི་གེ་སོགས་ཀྱི་མཉེན་ཆས་སྒྲིག་ཆས་སྔར་བས་འཐུས་ཚང་དུ་བཏང་།
 
“ད་ལོར་ཧྲིན་ཀྲིན་གྱི་ཀུང་སི་ཞིག་དང་མཉམ་ལས་བྱས་ནས་རང་གི་གློག་རྡུལ་ཐོན་རྫས་གསར་གཏོད་བྱས་པས། ཐོན་རྫས་འདི་ལ་རོང་འབྲོག་པ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད”ཅེས་སྟག་འབུམ་རྒྱལ་གྱིས་ཚོང་སྒྲོམ་སྟེང་གི་དངོས་དཔེ་བསྟན་ཞོར་དེ་ལྟར་བཤད། ནས་དང་རྩམ་པ། མར། ཞོ་སོགས་ཁྱད་ལྡན་ཐོན་རྫས་ཀྱི་ས་ཁོངས་རང་བཞིན་དང་ས་གནས་ཆ་འཕྲིན་ཅན་ལྟོས་བཅས་ཀྱིས་རྗེས་ལུས་ཡིན་པའི་བཀག་རྒྱའི་དབང་གིས་ཀུང་སི་དཀའ་ཁག་མང་པོ་འཕྲད་མོད། འོན་ཀྱང་ཁོས་སྲོལ་རྒྱུན་གྱི་འདེབས་གསོ་ལས་རིགས་དེ་ཐོན་ལས་ཅན་གྱི་ཐོན་སྐྱེད་དང་འཚོ་བའི་དཔེ་དབྱིབས་སུ་བསྒྱུར་རྒྱུའི་ཐོག་མའི་རེ་སྨོན་དེ་སྔར་བཞིན་རྒྱུན་འཁྱོངས་བྱེད་བཞིན་འདུག
 
སྲིད་གཞུང་གི་མཛུབ་སྟོན་འོག ཉེ་ཆར་སྟག་འབུམ་རྒྱལ་གྱིས “ཙོང་ཁའི་བོད་སྤོས”དང“བློ་བཟང་ཚན་རྩལ”སོགས་གློག་རྡུལ་ཐོན་རྫས་དང་ཆང་དམར་ནང་འདྲེན་བྱས་པ་སོགས་འཛད་སྤྱོད་པ་སྔར་ལས་མང་བའི་ཐོན་རྫས་བདེ་བླག་ངང་བཏོན། ཁོས“དུས་རབས་མི་འདྲ་བས།ཕ་ཡུལ་གྱི་སྲོལ་རྒྱུན་འདེབས་གསོས་ད་སྐབས་ཀྱི་དུས་རབས་འདིའི་མི་རྣམས་ཀྱི་དགོས་མཁོ་བསྐོང་མི་ཐུབ”ཅེས་བཤད། ཁོས་བལྟས་ན་ཕ་ཡུལ་གྱི་སྲོལ་རྒྱུན་འདེབས་གསོ་དཔེ་དབྱིབས་འདི་བསྒྱུར་ཏེ། རོང་འབྲོག་པའི་ཐོན་སྐྱེད་དང་འཚོ་བ་དེ་མཉམ་ལས་ཁང+ཞིང་ཁྱིམ(འབྲོག་ཁྱིམ)དང་། ཁེ་ལས+ཞིང་ཁྱིམ(འབྲོག་ཁྱིམ)གྱི་དཔེ་དབྱིབས་སུ་བསྒྱུར་དགོས་པར་འདོད་ཀྱིན་ཡོད། །
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།