中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། བྱམས་པའི་གཅེས་འབུལ་མཁའ་དང་མཉམ།། སྤྲོ་བའི་དགོད་སྒྲ་སློབ་རར་ཁྱབ།།
དུས་ཚོད།2019-05-17 10:49:17     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 དཔྱིད་རླུང་གི་རྒྱུ་བ་འཇམ་པ་དང་ལྕུག་ཕྲན་གྱི་འདབ་ལོ་འབུས་པ། ཞིང་ཁ་ལྗང་མྱུག་གིས་བལྟམས་པའི་དཀྱིལ་ན་སྡེ་གྲོང་ཆུང་ཆུང་ཞིག་ཆགས་འདུག་ཅིང་དེའི་དབུས་སུ་སློབ་ཆུང་ཞིག་ཡོད་པ་དེའི་སློབ་ར་ཡོངས་བྱིས་པ་རྣམས་ཀྱི་འདུ་འཛིའི་དགོད་སྒྲས་ཁེངས་ཏེ། རྒྱང་རིང་ལུང་ཁུག་གི་རི་གྲོང་དེ་ལ་གསོན་ཤུགས་དང་རེ་བས་ཁེངས། ཡུལ་མི་རྣམས་ཀྱིས་རྒྱང་རིང་མགྲོན་པོ་ཐོན་བྱུང་ཟེར་བཞིན་རླངས་འཁོར་བཞུད་སོང་བའི་སློབ་གྲྭའི་ཕྱོགས་སུ་བསྐྱོད།
    ཉེ་ཆར། ཅོ་ནེ་རྫོང་ཨ་བཟི་ཐང་གྲོང་རྡལ་འབྲོང་རུ་སློབ་ཆུང་དུ“ཡུས་ཅིན་མེ་ཏོག་བཞད་པའི”ཚོགས་པས་དཔེ་མཛོད་ཁང་ཆུང་ཆུང་ཞིག་བཙུགས་པའི་བྱ་འགུལ་སྤེལ་བ་རེད། སྡེ་མི་དང་ལས་བྱེད་མི་སྣ་དེར་འཛོམས་ཏེ་ཁོ་ཚོས“མགྲོན་པོ་ཁྱད་པར་བ”དེ་དག་གི་ལྷག་བསམ་ལ་བསྟོད་བསྔགས་བྱེད་ཅིང་། “ཨ་ཁུ་བཀྲ་དོན་བཀའ་དྲིན་ཆེ”ཟེར་བཞིན་འདུག 
    འབྲོང་རུ་སློབ་ཆུང་དེར་དམའ་རིམ་སློབ་མ 55ལས་མེད་ཅིང་། སློབ་གྲྭའི་སློབ་ཁྲིད་ཀྱི་ཐོན་ཁུངས་དཀོན་པ་དང་སློབ་མ་རྣམས་ཀྱིས་སློབ་གྲྭ་ཕྱི་རོལ་གྱི་དཔེ་དེབ་ཀློག་པར་ཤིན་ཏུ་དཀའ་ཁག་ཆེ། སློབ་མ་རྣམས་ལ་ཤེས་རིག་གི་ཞིང་ས་བསྐྲུན་པར་མཐུན་རྐྱེན་སྦྱར་ཆེད། “ཡུས་ཅིན་མེ་ཏོག་བཞད་པའི”ཚོགས་པས་སློབ་མ་རྣམས་ལ་སློབ་ཁྲིད་དང་འབྲེལ་བའི་ཟུར་ལྟའི་དཔེ་དེབ་དང་ཚིག་མཛོད། འབྲི་དེབ་སོགས་རིན་ཐང་སྒོར་ཁྲི་ལྷག་གི་དེབ 150ལྷག་ཉོས་ཤིང་། ལྷག་བསམ་ལྡན་པའི་སྦྱིན་བདག་ཨོའུ་དབྱང་ཀྲི་ཅན་དང་ཚུའེ་ཞིའུ་ལན་གྱི་རོགས་སྐྱོར་འོག་དཔེ་མཛོད་ཁང་ཆུང་ཆུང་སྟེ“ཅོག་རོ་པ་སློབ་ཆུང་གི་ཤེས་རིག་སྣུམ་སྣོན་ས་ཚིགས”ཞེས་པ་བཙུགས།
    བྱིས་པ་རྣམས་ཀྱིས་སློབ་སྦྱོང་གི་མཁོ་ཆས་དག་ལག་ལ་བཟུང་སྟེ་ཡང་ཡང་ལྟ་བཞིན་དེ་འདྲའི“ལེགས་སྐྱེས་བཟང་བོ”ཞིག་རིག་མ་མྱོང་ཟེར་ཞིང་། ཕྱིན་ཆད་སློབ་སྦྱོང་བཟང་བོ་བྱ་རྒྱུ་དང་དཔེ་ཀློག་ཡག་པོ་བྱ་རྒྱུ་ཟེར།
    ཤེས་གསལ་ལྟར་ན། བྱ་འགུལ་འདི་ནི་རྨ་ཆུ་རྫོང་མི་རིགས་ཆོས་ལུགས་ཅུས་ཀྱི་སྔོན་གྱི་ཅུས་ཀྲང་ངམ་རྟོག་ཞིབ་ལས་བྱེད་པ་བཀྲ་ཤིས་དོན་གྲུབ་ལ་ཁོའི་ཡུལ་གྲོགས་ཏེ་ཁུལ་ས་འགུལ་རྟོག་དཔྱོད་ཅུས་ཀྱི་ལས་བྱེད་པ་བཀྲ་ཤིས་ཕུན་ཚོགས་ཀྱིས་ཁོའི་གནད་ཁེལ་དབུལ་སྐྱོར་བྱ་ཡུལ་གྱི་སྡེ་བ་འདིར་འབྲེལ་འདྲིས་དམ་ཟབ་ཀྱིས་ཕན་ཚུན་རོགས་རམ་བྱས་པ་ལས་སྤེལ་བའི་བྱ་འགུལ་ཞིག་ཡིན་ཞིང་། བྱ་འགུལ་དེ་ཡང་རང་ཁུལ་གྱི་རྫོང་བདུན་དང་གྲོང་ཁྱེར་གཅིག་ལ་ཁ་གཏད་པ་ཞིག་ཀྱང་ཡིན། 2013ལོ་ནས་བཟུང་བཀྲ་ཤིས་དོན་གྲུབ་ཀྱིས་རང་སའི་མི་རིགས་སློབ་གསོ་ལ་རོགས་སྐྱོར་བྱེད་མཁན“ཡུས་ཅིན་མེ་ཏོག་བཞད་པའི”རུ་ཁག་ལ་འབྲེལ་བ་བཙུགས་ཏེ་ཅོ་ནེ་རྫོང་བརྒྱ་མཆེད་སྡེ་བ་དང་རྨ་ཆུའི་མཚེའུ་རུ་མ་སློབ་གྲྭའི་སློབ་མ 77ལ་ད་ལྟའི་བར་དུ་གཅིག་གཏད་གཅིག་རོགས་ཀྱི་སློབ་སྐྱོར་བྱས་ཤིང་། སློབ་གྲྭ་དེ་དག་ལ“ཡུས་ཅིན་མེ་ཏོག་བཞད་པའི”ཚོགས་པས་སློབ་སྐྱོར་བྱས་ཏེ། སློབ་མ་མི་ཉུང་བ་ཞིག་རྫོང་དང་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་དུ་ཕྱིན་འདུག་པ་དང་། སློབ་མ་གཅིག་སློབ་ཆེན་གྱི་སྒོ་ཐེམ་དུ་ཞུགས་ཡོད།
    སྦྱིན་བདག་ལྷག་བསམ་ཅན་ཀྲང་རྨིན་ཧུའེ་ཡིས་བཤད་རྒྱུར། ལོ་འདི་འགའི་རིང་། ཅུས་ཀྲང་བཀྲ་ཤིས་དོན་གྲུབ་ཀྱིས་རང་སའི་མི་རིགས་སློབ་གསོར་བཅངས་པའི་བརྩེ་སེམས་མཚོན་ཕྱིར་ང་ཚོ་དང་འབྲེལ་བ་དམ་པོ་བྱས་ནས་ཀན་ལྷོའི་རྒྱང་རིང་ལུང་ཁུག་གི་སློབ་གྲྭར་བསྐྱོད་དེ་སློབ་གྲྭར་རོགས་སྐྱོར་འཚོལ་རོགས་བྱས། ང་ཚོས་ཀན་ལྷོར་བྱ་འགུལ་སྤེལ་ཐེངས་རེར་ཁོང་ཉིད་ཀྱང་དངོས་སུ་ཡུལ་དངོས་སུ་འགྲོ་རོགས་བྱས་ནས་དངོས་པོ་དག་སློབ་གྲྭར་བསྐྱལ་རོགས་བྱས་པ་མ་ཟད། བྱིས་པ་རྣམས་ལ་སློབ་སྦྱོང་ལ་འབད་བརྩོན་དང་རྒན་བཀུར་ཆེ་གུས། བཀའ་དྲིན་ཤེས་དགོས་པའི་སྐུལ་མ་བཏང་ངོ་།།
              (གསར་འགོད་པ་བཀྲ་ཤིས་ཚེ་རིང་གིས།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།