中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར(དམངས་འཚོ)ཁྱབ་ ཁོངས་ཀྱི་ལྟ་སྐུལ་ཆ་འཕྲིན་ མ་ལག་གི་གསོ་སྦྱོང་ཚོགས་འདུ་ལིན་ཐན་རྫོང་དུ་ཚོགས་པ།
དུས་ཚོད།2019-05-28 09:25:23     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གཅིག་གྱུར་གྱི་བཀོད་སྒྲིག་ལ་གཞིགས་ནས། ལིན་ཐན་རྫོང་ནས་ཞིང་ཆེན་ཡོངས་ཀྱི་དབུལ་སྐྱོར(དམངས་འཚོ)ཁྱབ་ཁོངས་ཀྱི་ལྟ་སྐུལ་ཆ་འཕྲིན་མ་ལག་གི་གསོ་སྦྱོང་ཚོགས་འདུ་ཚོགས།
    གྲོས་ཚོགས་ཀྱིས་བསྟན་དོན། དབུལ་སྐྱོར(དམངས་འཚོ)ཁྱབ་ཁོངས་ཀྱི་ལྟ་སྐུལ་ཆ་འཕྲིན་མ་ལག་ཁྱབ་གདལ་དང་བཀོལ་སྤྱོད་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་གལ་ཆེན་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་པ་ཡིན་ལ། གཞི་གྲངས་ཆེན་པོ་བཀོལ་སྤྱོད་བྱེད་པ་སོགས་དེང་རབས་ཆ་འཕྲིན་ལག་རྩལ་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་བ་ནི་རྫོང་ཡོངས་ཀྱི་དབུལ་སྐྱོར(དམངས་འཚོ)ཁྱབ་ཁོངས་ཀྱི་མ་དངུལ་ལྟ་སྐུལ་དོ་དམ་བྱ་བའི་བྱ་ཐབས་གཙོ་བོ་ཡིན་ཏེ། དམིགས་ཡུལ་ནི་རྒྱ་ཆེ་བའི་མི་དམངས་མང་ཚོགས་རྣམས་དབུལ་སྐྱོར་ལྟ་སྐུལ་དོ་དམ་བྱ་བའི་ཁྲོད་དུ་ཞུགས་ནས་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ལ་སྔར་ལས་མང་བའི་གནད་དོན་གྱི་ཁུངས་སྣེ་དངོས་རྒྱུས་ལོན་བྱེད་དུ་འཇུག་པ་དང་། འགན་ནུས་སྡེ་ཁག་གིས་འགན་འཁྲི་གཙོ་བོ་དང་ལྟ་སྐུལ་འགན་འཁྲི་དང་ལེན་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ།
    ཚོགས་འདུ་ལས་བླང་བྱ་བཏོན་རྒྱུར། བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས་ཆ་འཕྲིན་མ་ལག་དེ་ཁྱབ་གདལ་དང་བེད་སྤྱོད་བྱ་རྒྱུ་གཙོ་གནད་དུ་འཇོག་དགོས་པ་དང་། འགོ་ཁྲིད་རྩ་འཛུགས་ལ་ཤུགས་བསྣན་ཏེ།  ཆེད་བསྐོས་མི་སྣས་ཆ་འཕྲིན་མ་ལག་གི་གྲངས་གཞི་ཕབ་འཇུག་དང་རྒྱུན་ལྡན་དོ་དམ་སོགས་ཀྱི་བྱ་བ་ཁག་གཏན་ཁེལ་བྱས་ནས་དུས་བཀག་ལྟར་རྫོང་སྒྲིག་ཨུ་དང་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལ་བྱ་བའི་གནས་ཚུལ་ཞུ་དགོས། གཞི་གྲངས་གསར་བརྗེ་དང་། གནད་དོན་ཡོད་པའི་མ་དངུལ་དང་ཞུ་གཏུག་ཐེར་འདོན་སོགས་ཀྱི་ཐག་གཅོད་བྱ་བར། རྫོང་སྒྲིག་ཨུ་དང་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། གཞི་གྲངས་ཡང་དག་དང་ཆ་ཚང་ཡོང་བ་ཁག་ཐེག་བྱ་དགོས། འབྲེལ་ཡོད་ལས་ཁུངས་དག་གིས་ཆ་འཕྲིན་མ་ལག་ཁྱབ་གདལ་དང་བེད་སྤྱོད་གཏོང་སྐབས་ཆ་འཕྲིན་བདེ་འཇགས་བྱ་བ་ལ་ཤུགས་སྣོན་དགོས་ཤིང་། གསང་སྲུང་ལམ་ལུགས་ལ་བརྩི་སྲུང་ནན་མོ་བྱས་ནས་བཀོལ་སྤྱོད་ཀྱི་རྗེས་ཤུལ་དང་གཞི་གྲངས་བདེ་འཇགས་ཡོང་བ་ཁག་ཐེག་བྱས་ཏེ། རྫོང་ཡོངས་ཀྱི་དབུལ་སྐྱོར(དམངས་འཚོ)ཁྱབ་ཁོངས་ཀྱི་ལྟ་སྐུལ་ཆ་འཕྲིན་མ་ལག་ནང་འཇུག་དང་དོ་དམ་བྱ་བ་བདེ་བླག་ངང་སྤེལ་བར་སྐུལ་འདེད་གཏོང་དགོས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།