中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། གསར་འགྱུར་མདོར་བསྡུས།
དུས་ཚོད།2019-06-20 09:00:20     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 ཟླ 6པའི་ཚེས 10ཉིན་གྱི་སྔ་དྲོར། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་དེ་རིང་གཅིག་སྡུད་ཐོག་ཁྱབ་བསྒྲགས་བྱས་པའི་ནག་སྤྱོད་སྟོབས་ཤུགས་ཀྱི་གྱོད་གཞི 9བརྡ་ཁྱབ་བཏང་བ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཟླ 6ཚེས 10ཉིན་བར་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ནག་ཚོགས་དང་འབྲེལ་བའི་གྱོད་གཞི 180དང་མི 1297བདག་སྤྲོད་བྱས་པ་དང་། འདྲི་གཅོད་དང་བོས་ནག་ཚོགས་དང་འབྲེལ་བའི་གྱོད་གཞི 123དང་མི 865ཞིབ་གཅོད་མཇུག་སྒྲིལ་པ་རེད།།
    ཉེ་བའི་ལོར། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་སྒྲིག་ཨུའི་ལྟ་ཞིབ་ཨུས“ཐད་བཤེར་མྱུར་སྒྲུབ་དང་རིམ་སྤོར་སྒྲུབ་གཉེར་བྱེད་པའི”རྩ་དོན་གཞིར་བཟུང་ནས། གཙོས་གྲོང་ཁྱེར་སྒྲིག་ཨུའི་ལྟ་ཞིབ་ཨུའིམིང་སྦྱར་ལྟ་སྐུལ་གྱོད་སྒྲུབ་འགན་ལེན་ལམ་ལུགསགཞིར་བཟུང་ལས་སྒོའི་རྐང་འཛིན་པ 8འཐེན་ནས་ཆེད་དོན་ཚན་ཆུང 2བཙུགས་པ་དང་། བདག་སྤྲོད་བྱས་པའི་ནག་སེལ་གཤེད་བཅོམ་གྱི་གནད་དོན་གྱི་ཁུངས་སྣེ་གསེད་བཀྲོལ་རིགས་དབྱེ་དང་དབྱེ་ཞིབ་དཔྱད་གཅོད་བྱས་པ་མ་ཟད། ལས་ཀའི་དུས་བཀག་ཁ་གསལ་བྱས་ནས་དུས་བཀག་ལྟར་སྐུལ་སྒྲུབ་དོན་འཁྱོལ་བྱས་ཏེ་ནག་སེལ་གཤེད་བཅོམ་གྱི་གནད་དོན་གྱི་ཁུངས་སྣེ་ཐག་གཅོད་བྱེད་པའི“མྱུར་བགྲོད་བགྲོད་ལམ”ཞིག་བཟོས་པ་མ་ཟད། གནད་དོན་གྱི་ཁུངས་སྣེའི་རྒྱབ་ཀྱི“སྲུང་གདུགས”ཀྱི་གནད་དོན་རྩད་ཞིབ་ཐག་གཅོད་གཏིང་ཟབ་བྱས། མིག་སྔའི་བར“ནག་སེལ་གཤེད་བཅོམ”གྱི་གནད་དོན་གྱི་ཁུངས་སྣེ་བསྡོམས་པས 14བདག་སྤྲོད་དང་ཕྱིར་འབུད་བྱས་པ་དང་། གྱོད་དོན་ཁག 2ཐོ་འགོད་བྱས་པ། མི 1ལ་ཏང་ཁོངས་ནས་ཕྱིར་འབུད་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་ཀྱི་ཆད་པ་བཅད་པ་དང་། ཏང་ནང་བཞག་ནས་ལོ་གཅིག་ལྟ་ཞིབ་བྱེད་པ་དང་སྲིད་དོན་གྱི་སྐྱོན་ཆེན་ཐོ་འགོད་གཉིས་ཀར་ཆད་པ་བཅད་པ། མི 2ལ་ཏང་ནང་དུ་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་བཅས་རེད།།
      ཁུལ་སྒྲིག་ཨུའི་ལྟ་ཞིབ་ཨུས་ནག་ཚོགས་དང་འབྲེལ་བའི་རུལ་སུངས་དང་འབྲེལ་བ་ཡོད་པའི་གནད་དོན་ཁག 2བརྡ་ཁྱབ་བཏང་། དེ་ནི་གཙོས་གྲོང་ཁྱེར་ཀླུ་ཤོད་གྲོང་རྡལ་ཕྱུགས་ནད་སྨན་བཅོས་ས་ཚིགས་ཀྱི་བྱ་བྱེད་མི་སྣ་ཀྲོའུ་ཧུའུ་ཝུའེ་སོགས་མི་ངན་དང་འབྲེལ་བ་ཡོད་པའི་གྱོད་དོན་དང་འབྲུག་ཆུ་རྫོང་ཁྲིན་ཀོན་གྲོང་རྡལ་གྱི་བྱ་བྱེད་མི་སྣ་ཀྲའོ་ཀྲེན་སོགས་ཀྱིས་ངན་རིགས་དང་འབྲེལ་བ་ཡོད་པའི་གྱོད་དོན་བཅས་ཡིན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།