中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ནག་སེལ་གཤེད་བཅོམ་ གྱི་ཆེད་དོན་འཐབ་རྩོད་ཀྱི་རྒྱུན་ཤེས་ངོ་སྤྲོད། (གསུམ།)
དུས་ཚོད།2019-06-20 09:07:34     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 གསུམ། ནག་འཇོམས་ངན་སེལ་སྐོར་གྱི་ཤེས་བྱ།
    (དང་བོ།)རྒྱལ་ཡོངས་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་དེ་དུས་ནམ་ཞིག་ལ་འགོ་བརྩམས་པ་རེད།
    2018ལོའི་ཟླ 1ཚེས 23ཉིན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས་ཏེ། རྒྱལ་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་དངོས་སུ་འགོ་བརྩམས་པ་རེད།
    (གཉིས་པ།)ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི“སྤྱིའི་འཆར་གཞི”ནི་ཅི་ཞིག་ཡིན་ནམ།
    རྒྱལ་ཡོངས་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ནི 2018ལོའི་ཟླ 1ནས་འགོ་བརྩམས་ཏེ 2020ལོའི་ལོ་མཇུག་ལ་མཇུག་བསྡུ་རྒྱུ་ཡིན་ཞིང་། དུས་ཡུན་ལོ 3ཡིན།
    2018ལོར་སྐབས་འཕྲད་བཅོས་སྐྱོང་བྱེད་པ། ནག་ཚོགས་ངན་རུལ་རྩ་འཛུགས་སྐོར་ཞིག་མེད་པར་གཏོང་རྒྱུ་ནས་འགོ་བརྩམས་ཏེ། ནག་ཚོགས་སྟོབས་ཤུགས་ཀྱི“འགེབས་སྲུང་མཁན”སྐོར་ཞིག་ལ་ཁྲིམས་ཆད་གཅོད་པ། ནག་ཚོགས་སྟོབས་ཤུགས་ཀྱི་ཁྲིམས་འགལ་ནག་ཉེས་གནད་དོན་ཐད་ལ་ཚོད་འཛིན་བྱེད་པར་ཕན་ནུས་ཐོན་པ་བྱ་རྒྱུ།
    2019ལོར་རྩ་བའི་ཆ་ལ་བཅོས་སྐྱོང་བྱེད་པ། རྩད་གཅོད་བྱས་ཟིན་པའི་གྱོད་དོན་རེ་རེ་སྔོག་འདོན་བྱས་ཏེ་མཁྲེགས་གཏོར་ཕར་རྒོལ་གྱིས་རྩ་བའི་ཆ་ལ་ཁོང་དུ་ཆུད་པར་བྱས་ནས། མི་དམངས་མང་ཚོགས་ལ་བདེ་འཇགས་ཀྱི་ཚོར་བ་ཡོད་པ་དང་ཡིད་ཚིམས་པའི་ཚད་ཀྱང་མཐོར་འདེགས་སུ་གཏོང་དགོས།
    2020ལོར་ངོ་བོའི་ཆ་ལ་བཅོས་སྐྱོང་བྱེད་པ། ཕན་ནུས་ངེས་ཅན་ཐོན་ཐུབ་པའི་སྒྲིག་གཞི་འཐུས་ཚང་ཅན་འཛུགས་ཏེ། ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱིས་ནག་ཚོགས་རྨེག་མེད་དུ་གཏོང་བའི་རྒྱལ་ཁ་ལེན་དགོས།
    (གསུམ་པ།)ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་གོ་དོན་གལ་ཆེན་ནི་ཅི་ཞིག་ཡིན་ནམ།
    སྤྱི་ཚོཊ་ཀྱི་གནས་བབ་བརྟན་འཇཊ་དང་རྒྱལ་ཁབ་ཀྱི་ཡུན་རིང་འཕེལ་རྒྱས་ལ་འབྲེལ་བ་ཡོད་པ།
    མི་སེམས་ཀྱི་འཁོར་ཕྱོགས་དང་གཞི་རིམ་གྱི་སྲིད་དབང་སྲ་བརྟན་ལ་འབྲེལ་བ་ཡོད་པ།
    རླབས་ཆེ་བའི་འཐབ་རྩོད་སྤེལ་བ་དང་རླབས་ཆེ་བའི་བཟོ་སྐྲུན་འཛུགས་སྐྲུན། རླབས་ཆེ་བའི་བྱ་གཞག་ལ་སྐུལ་འདེད། རླབས་ཆེ་བའི་ཕུགས་འདུན་མངོན་འགྱུར་བཅས་ལ་འབྲེལ་བ་ཡོད།
    (བཞི་བ།)ནག་སེལ་གཤེད་བཅོམ་གྱི་ཁྱད་ཆོས་གཙོ་བོ་ནི་ཅི་ཞིག་ཡིན་ནམ།
    མཐོ་བ་རྒྱལ་ཁབ་ཀྱི་འཐབ་ཇུས་བར་འཕར་ཡོད་ལ། འཐབ་རྩོད་ཀྱི་ཁ་གཏད་ཡུལ་སྔར་ལས་རྒྱ་ཆེ་ཞིང་འཐབ་རྩོད་ཀྱི་བྱེད་ཐབས་སྔར་ལས་ཕུན་སུམ་ཚོགས་པ་མ་ཟད། ཁྲིམས་བསྟུན་རྡུང་རྡེག་ལ་སྔར་ལས་ཤུགས་སྣོན་བྱས་ཡོད།
    (ལྔ་བ།)ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་གཞི་རྩའི་རྩ་དོན་ནི་ཅི་ཞིག་ཡིན་ནམ།
    “རྒྱུན་འཁྱོངས་བྱ་དགོས་པ་ལྔ།”
    ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་གནས་བབ་ལེགས་པོ་འདོན་སྤེལ་བྱེད་པ།
    མི་དམངས་ཀྱི་གྲུབ་ཆའི་གོ་གནས་རྒྱུན་འཁྱོངས་བྱས་ཏེ། མང་ཚོཊ་ལ་རྟེན་ས་བརྟན་པོ་བཟོ་བ།
    ཕྱོགས་བསྡུས་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ། དམ་འཛིན་དང་བདག་དམ་ཟུང་འབྲེལ་བྱེད་པ།
    ཁྲིམས་བསྟུན་ཁྲིམས་ཆད་ནན་མོ་རྒྱུན་འཁྱོངས་བྱས་ཏེ། མེ་སྟག་ཆུང་དུས་མེད་པར་བཟོ་བ།
    མ་དཔེ་གཅིག་ལྕོགས་རྒྱུན་འཁྱོངས་བྱས་ཏེ། འགོ་ཁུངས་ལ་བཅོས་སྐྱོང་བྱེད་པ།
    (དྲུག་པ།)“ནག་སེལ་གཤེད་བཅོམ”ཁྲོད་ཀྱི“ནག”དང“གཤེད”ཅེས་པ་དེའི་བསྟན་དོན་ཅི་ཞིག་ཡིན་ནམ།
    “ནག”ནི་སྤྱི་ཚོགས་སྟེང་གི་ནག་ཕྱོགས་ངོ་བོའི་རྩ་འཛུགས་ཡིན།
    “གཤེད”ནི་ངན་ཕྱོགས་སྟོབས་ཤུགས་དང་ངན་ཕྱོགས་སྟོབས་ཤུགས་ཀྱི་ཉེས་ཅན་སྡེ་ཁག་ཡིན།
    (བདུན་པ།)“སྤྱི་ཚོགས་སྟེང་གི་ནག་ཚོགས་ངོ་བོའི་རྩ་འཛུགས”ལ“ཁྱད་ཆོས་མི་འདྲ་བ་བཞི”ཡོད་པ་དེ་གང་དག་ཡིན་ནམ།
    1.རྩ་འཛུགས་ཀྱི་ཁྱད་ཆོས། རྩ་འཛུགས་ཅུང་བརྟན་པོ་ཡིན་ལ་མི་གྲངས་མོད་པ། དེ་མིན་རྩ་འཛུགས་མཁན་ཡང་གསལ་བོ་ཞིག་ཡོད་པ།
    2.དཔལ་འབྱོར་གྱི་ཁྱད་ཆོས། བྱེད་ཐབས་ཚུལ་མིན་ལ་བརྟེན་ནས་འཐོབ་པའི་ཁེ་སྤོགས་ལས་དཔལ་འབྱོར་གྱི་དངོས་ཤུགས་ངེས་ཅན་ཞིག་ཡོད་པ།
    3.བྱ་སྤྱོད་ཀྱི་ཁྱད་ཆོས། གཏུམ་སྤྱོད་དང་འཇིགས་སྐུལ་གྱི་བྱེད་ཐབས་སྤྱད་དེ། ངན་ཕྱོགས་ཀྱི་བྱ་སྤྱོད་མང་བོ་སྒྲུབ་ཡོད་པ།
    4.གནོད་འཚེ་རང་བཞིན་གྱི་ཁྱད་ཆོས། དཔལ་འབྱོར་དང་སྤྱི་ཚོགས་འཚོ་བའི་གོ་རིམ་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་པ།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།