中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་བཞིན་པ།
དུས་ཚོད།2019-06-20 09:08:54     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 གསར་འགོད་པས་ཞིང་ཆེན་ཞིབ་དཔྱོད་ཁང་གིས་བསྡུས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་བར། ཟླ 6པའི་ཚེས 10ཉིན་བར་དུ། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ནག་སྤྱོད་དང་འབྲེལ་བའི་ཉེས་གསོག་གྱོད་གཞི 568ཀྱི་མི 2008འཛིན་བཟུང་བྱེད་པའི་ཆོག་མཆན་གནང་བ་དང་། གྱོད་གཞི 299དང་མི 2044གཞུང་གཏུག་བྱས་ལ། དེའི་ཁྲོད་དུ་ནག་ཚོགས་རང་བཞིན་གྱི་ཉེས་གསོག་ཞུ་གཏུག་གྱོད་གཞི 14དང་མི 342ཡོད་པ་དང་། སྤྱོད་ངན་སྟོབས་ཤུགས་ཀྱི་ཉེས་གསོག་ཞུ་གཏུག་གྱོད་གཞི 191དང་མི 1362ཡོད། ནག་ཚོགས་སྤྱོད་ངན་དང་འབྲེལ་བ་ཡོད་པའི་ཉེས་གསོག་གྱོད་གཞི 342སྔ་སྣུར་དུ་མྱུལ་ཞིབ་བྱས་པ་དང་། སྤྱི་བདེ་ལས་ཁུངས་ཀྱི་གྱོད་གཞི 27དང་མི 75གྱོད་དོན་ཐོ་འགོད་བྱས་ཡོད་པར་ལྟ་སྐུལ་བྱས་ཏེ། འཛིན་བཟུང་ཆད་ལུས་བྱུང་ཡོད་པའི་མི 121འཛིན་བཟུང་བྱས་པ་དང་། མི 151གསར་དུ་ཞུ་གཏུག་བྱས། ནག་ཚོགས་དང་། ངན་སྤྱོད། འགེབས་སྲུང་གདུགས་དང་འབྲེལ་བའི་ཁུངས་སྣེ 530རྙེད་པ་དང་། ཚང་མ་འབྲེལ་ཡོད་སྡེ་ཁག་ལ་སྤྲད་དེ་ཐག་གཅོད་བྱེད་དུ་བཅུག ལས་རིགས་ཀྱི་ལྟ་སྐུལ་དོ་དམ་གྱི་གནད་དོན་ལ་ཞིབ་དཔྱོད་བྱེད་པའི་གྲོས་འགོ 128བཏོན།
    གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སྟེང་། ཞིང་ཆེན་ཞིབ་དཔྱོད་ཁང་གིས་ད་དུང་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་གཞུང་གཏུག་བྱས་པའི་ནག་སྤྱོད་དང་འབྲེལ་བ་ཡོད་པའི་དཔེ་མཚོན་གྱོད་གཞི 6སྤྱི་ཚོགས་ཐོག་ཁྱབ་བསྒྲགས་བྱས།།
       ཉེ་ཆར། ཁུལ་རང་བྱུང་ཐོན་ཁུངས་ཅུས་ཀྱིས་རྫོང་བདུན་དང་གྲོང་ཁྱེར་གཅིག་ནས་ནག་སེལ་གཤེད་བཅོམ་གྱི་དྲིལ་བསྒྲགས་བྱ་འགུལ་སྤེལ་ཏེ། ལས་གཞིའི་འཛུགས་སྐྲུན་ར་བ་དང་གཏེར་ཁའི་ཁེ་ལས་སུ་འཕྲེད་འགེལ་ཡི་གེ་འགེལ་བ་དང་། དྲིལ་བསྒྲགས་རི་མོ་སྦྱར་བ། དྲིལ་བསྒྲགས་ཡིག་རིགས་བཀྲམ་པ་སོགས་ཀྱི་རྣམ་པ་བརྒྱུད་ནས། ཧུར་ཐག་སྒོས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་དམིགས་ཡུལ་དང་དོན་སྙིང་དྲིལ་བསྒྲགས་བྱས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།