中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། རང་ཁུལ་གྱིས་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱས་ཏེ་གཞི་རིམ་གྱི་ཁུར་བོ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་གྲོས་ཚོགས་བསྡུས་པ།
དུས་ཚོད།2019-06-24 09:27:37     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
(རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཉེ་ཆར། རང་ཁུལ་གྱིས་ཕྱི་ཚུལ་རིང་ལུགས་གྱི་གནད་དོན་མངོན་གསལ་ཅན་ཐག་གཅོད་བྱས་ཏེ་གཞི་རིམ་གྱི་ཁུར་བོ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་གྲོས་ཚོགས་བསྡུས་ཏེ། ཁུལ་དམངས་ཆེན་རྒྱུན་ཨུ་ཁང་གི་དྲུང་ཡིག་ཆེན་མོ་ཏུང་ཡན་ཆིན་དང་ཁུལ་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་ཆོན་ཡུང་ཁང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་བཅས་གྲོས་ཚོགས་སུ་ཞུགས།
    གྲོས་ཚོགས་ཀྱི་སྟེང་དུ། ཞིང་ཆེན་ཡོངས་སུ་སྤྱོད་ཚུལ་ལེགས་སྐྱོང་ལོའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་གཅིག་བསྡུས་ཀྱིས་བཅོས་སྐྱོང་བྱེད་པའི་འགོ་ཁྲིད་ཚན་ཆུང་གིས་གཞི་རིམ་གྱི་ཁུར་བོ་ཡང་དུ་གཏོང་བའི་བྱ་བའི་ཆེད་འགན་ཚན་ཆུང་གི་གྲོས་ཚོགས་ཀྱི་དགོངས་དོན་གཙོ་བོ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ལིན་ཏུའོ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པའམ་ཁུལ་ཨུའི་ཧྲུའུ་ཅི་ཡུས་ཁྲིན་ཧུའེ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲའོ་ལིན་ཡུན་བཅས་ཀྱི་གཞི་རིམ་གྱི་ཁུར་བོ་ཡང་དུ་གཏོང་བའི་བྱ་བའི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་བྱས།
    ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཡིག་ཆེན་མོ་དབྱང་ཝུའུ་ཡི་མངགས་བཅོལ་ལྟར། ཁུལ་ཨུའི་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་འགན་ཁུར་བས་དབྱང་ཝུའུ་ཡི་གཏམ་བཤད་སྒྲོག་སྦྱང་བྱས།
    གྲོས་ཚོགས་ཀྱིས་ནན་གྱིས་བསྟན་དོན། མངོན་གསལ་གནད་དོན་ལ་ཁྱོན་ཡོངས་ནས་འཐེན་བཤེར་དང་ཕྱོགས་བསྡུས་ལེགས་ཇུས་སྤྱད་དེ་དག་ཐར་བྱ་བ་དམ་འཛིན་བྱ་དགོས་པ་དང་། ཡིག་ཆ་དང་བསྡུས་འཕྲིན་ཚད་ཆེན་པོའི་སྒོ་ནས་ཁུ་བསྡུ་བྱས་ཏེ་གྲངས་ཚད་ཚོད་འཛིན་དང་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས། ནུས་ལྡན་གྱི་སྒོ་ནས་ཚོགས་འདུ་སྣ་ཚོགས་ཉུང་དུ་བཏང་ནས། དངོས་སྒྲུབ་གོ་ཆོད་ཀྱིས་ཕན་འབྲས་ལ་སྐུལ་འདེད་གཏོང་དགོས་པ་དང་། ལྟ་སྐུལ་དང་ཞིབ་དཔྱད་སྣ་ཚོགས་ཚད་ལྡན་དུ་བཏང་ནས། ཆད་ལུས་མེད་པར་བྱ་བ་དམ་འཛིན་བྱ་དགོས། ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཐབས་མང་མཉམ་སྤྱོད་ཀྱིས་གྲུབ་འབྲས་བརྟན་པོ་གཏོང་དགོས་པ་དང་། བརྗོད་བྱ་གཙོ་བོའི་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། ཁུར་བོ་ཡང་དུ་གཏོང་བའི་ཆེད་དོན་བྱ་བ་སྒྲིག་བཅོས་བྱ་དགོས། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གི་སྟེང་དུ་གཅིག་གྱུར་བྱས་ཏེ། གཞི་རིམ་གྱི་ཁུར་བོ་ཡང་དུ་གཏོང་བའི་བྱ་བ་དེ་སྤྱོད་ཚུལ་ལེགས་སྒྱུར་དང་ཕྱི་ཚུལ་རིང་ལུགས་དང་དཔོན་ངན་རིང་ལུགས་གཏན་འགོག་བྱེད་པའི་བྱ་ཐབས་གལ་ཆེན་དུ་བརྩིས་ནས། བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་དང་བྱ་སྤྱོད་མཐའ་གཅིག་གིས་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་ཁུར་བོ་ཡང་དུ་གཏོང་བའི་ཚོར་སྣང་ཉམས་སུ་མྱོང་བར་འགན་ལེན་བྱ་དགོས།
    ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་གི་ལས་བགོས་ཀྲུའུ་རེན་གཞོན་པ་དང་ཁུལ་ཨུའི་གཞུང་སྒྲུབ་ཁང་དང་ལྟ་ཞིབ་ཁང་། ཁུལ་སྲིད་གཞུང་གཞུང་སྒྲུབ་ཁང་དང་ལྟ་ཞིབ་ཁང་གི་འགན་ཁུར་བ། རྫོང་དང་གྲོང་ཁྱེར་སོ་སོའི་ཏང་ཨུའི་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་དང་ཁུལ་ཨུའི་སྡེ་ཁག་སོ་སོ་དང་ཁུལ་གཏོགས་ཏང་ཙུའུ(ཏང་ཨུ) ཞིང་ཆེན་གྱི་ཁོངས་གཏོགས་ཁུལ་དུ་བཅའ་སྡོད་བྱེད་པའི་འབྲེལ་ཡོད་སྡེ་ཚན་གྱི་ཏང་ཙུའུ(ཏང་ཨུའི)གཞུང་སྒྲུབ་ཁང་གི་འགན་ཁུར་བ་དང་ཁུལ་ཨུའི་གཞུང་སྒྲུབ་ཁང་གི་ཚན་ཁག་སོ་སོའི་འགན་ཁུར་བ་གྲོས་ཚོགས་སུ་ཞུགས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།