中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཁུལ་ཡོངས་ཀྱི་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་ བཅོས་བྱ་བའི་སྐུལ་འདེད་ཚོགས་འདུ་ཚོགས་པ།
དུས་ཚོད།2019-07-03 16:06:18     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ཟླ 6པའི་ཚེས 26ཉིན་ལ། ཁུལ་ཡོངས་ཀྱི་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་བྱ་བའི་སྐུལ་འདེད་ཚོགས་འདུ་གཙོས་སུ་ཚོགས།
    ཁུལ་དཔོན་གཞོན་པ་ཝང་ཧྥང་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད།
    ཚོགས་འདུའི་ཐོག་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་འགན་ཁུར་བས་ཉེ་དུས་ཀྱི་གཙོས་གྲོང་ཁྱེར་གྱི་རྒྱལ་ཁབ་རིམ་པའི་བརྟག་བཤེར་ལྟ་སྐུལ་ས་ཚིགས་དང་གཞན་དག་རྫོང་བདུན་གྱི་ཞིང་ཆེན་རིམ་པའི་བརྟག་བཤེར་ལྟ་སྐུལ་ས་ཚིགས་ཀྱི་མཁའ་རླུང་གི་སྤུས་ཚད་དང་ཁུལ་ཡོངས་ཀྱི་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་གནས་ཚུལ་བརྡ་ཁྱབ་བཏང་།
    ཝང་ཧྥང་གིས་བསམ་བློའི་ཐོག་ནས་ཚད་མཐོའི་མཐོང་ཆེན་བྱས་ཏེ་དགོས་གཏུག་གི་བསམ་པ་དང་འགན་འཁྲིའི་བསམ་པ་ཆེ་རུ་བཏང་སྟེ་བསམ་བློ་ལྷོད་གཡེང་དུ་མི་གཏོང་བ་དང་། ཚད་གཞི་དམའ་རུ་མི་གཏོང་བ། བྱ་ཐབས་རྒྱུན་ཆད་མེད་པར་སྤྱོད་པ་བཅས་བྱས་ཏེ་གནམ་སྔོན་པོའི་སྲུང་སྐྱོང་འཐབ་ཇུས་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། གཙོ་གནད་བྱ་བ་དམ་འཛིན་ནན་མོ་བྱས་ཏེ་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཐུབ་པར་འགན་ལེན་བྱེད་པ་དང་། སྦགས་བཙོག་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ། ཐལ་རྡུལ་གྱི་སྦགས་བཙོག་བཅོས་སྐྱོང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། རླངས་འཁོར་གྱི་མཇུག་རླངས་བཅོས་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ། བཟོ་ལས་ཁེ་ལས་ཀྱི་སྦགས་བཙོག་བཅོས་སྐྱོང་ལ་ཤུགས་སྣོན་པ། ཐོན་ལས་ནུས་ཁུངས་ཀྱི་སྒྲིག་གཞི་ལེགས་སྒྲིག་ཏན་ཏིག་བྱེད་པ། “དྲ་མིག་ཅན”གྱི་དོ་དམ་རྣམ་པ་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས་ཞེས་བསྟན།
    ཝང་ཧྥང་གིས་གནམ་སྔོན་པོའི་སྲུང་སྐྱོང་འཐབ་ཇུས་ལ་རྒྱལ་ཁ་ལེན་དགོས་ན། ངེས་པར་དུ་བྱ་ཐབས་སོ་སོ་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག་ཚན་རིག་དང་མཐུན་པའི་སྒོས་བཙོག་བཅོས་བྱ་ཐབས་སྤྱད་དེ་དུས་ཐོག་ཏུ་ཉམས་མྱོང་ཕྱོགས་སྡོམ་དང་། གྲུབ་འབྲས་སྲ་བརྟན་དུ་བཏང་ནས་བྱ་བའི་ལམ་སྲོལ་ཁག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་བྱ་བ་དེ་ཞིབ་ཕྲ་ཅན་དང་ལམ་ལུགས་ཅན་གྱི་ཕྱོགས་སུ་བསྒྱུར་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་གནམ་སྔོན་པོའི་སྲུང་སྐྱོང་འཐབ་ཇུས་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པར་འགན་ལེན་བྱ་དགོས་ཞེས་ནན་གྱིས་བསྟན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།