中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་རྒྱུན་ཤེས་ངོ་སྤྲོད། (དྲུག)
དུས་ཚོད།2019-07-03 16:07:21     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
(བཅུ་བཞི་བ།)ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམསདོན་ཚན་ཉིས་བརྒྱ་གོ་བཞི་ཡི་གཏན་འབེབས་ནི་ཅི་ཞིག་ཡིན་ནམ།
    གཏུམ་སྤྱོད་དང་འཇིགས་སྐུལ། ཡང་ན་དེ་ལས་གཞན་པའི་བྱེད་ཐབས་ལ་རྩ་འཛུགས་དང་འགོ་ཁྲིད། ཟབ་ཞུགས་བྱེད་པ། ད་རུང་རྩ་འཛུགས་ལྡན་པའི་སྒོ་ནས་ཁྲིམས་འགལ་ནག་ཉེས་ཀྱི་བྱ་སྤྱོད་སྤེལ་པའི་བཙན་བདག་གིས་ཁྲིམས་མེད་ལུགས་མེད་སྒོས་མང་ཚོགས་ལ་བཙན་གནོན་དང་གནོད་འཚེ་བཟོས་ཤིང་། དཔལ་འབྱོར་དང་སྤྱི་ཚོགས་འཚོ་བའི་གོ་རིམ་ལ་གནོད་འཚེ་ཚབས་ཆེན་བཟོས་པའི་སྤྱི་ཚོགས་ཀྱི་ནག་ཕྱོགས་ངོ་བོ་ཅན་གྱི་རྩ་འཛུགས་མཁན་ལ་དུས་ཡུན་ལོ་གསུམ་གྱི་ཡན་ནས་ལོ་བཅུའི་མན་གྱི་དུས་བཀག་བཙོན་འཇུག་ཁྲིམས་ཆད་གཅོད་དགོས། གཞན་པ་ཟབ་ཞུགས་མཁན་ལ་ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་ཁྲིམས་ཆད་དང་བཀག་སྐྱིལ། ལས་སྐུལ་རྩིས་སྤྲོད་བདག་དམ། ཡང་ན་ཆབ་སྲིད་ཀྱི་ཁེ་དབང་རྩིས་ལེན་བྱེད་པའི་ཁྲིམས་ཆད་གཅོད་དགོས།
    རྒྱལ་ཁོངས་མཐའ་མཚམས་ཕྱི་རོལ་གྱི་ནག་ཚོགས་རྩ་འཛུགས་མི་སྣ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་འོངས་ཏེ་ནག་ཚོགས་རྩ་འཛུགས་དང་འཕེལ་རྒྱས་སུ་གཏོང་མཁན་ལ་དུས་ཡུན་ལོ་གསུམ་གྱི་ཡན་དང་ལོ་བཅུའི་མན་གྱི་དུས་བཀག་བཙོན་འཇུག་ཁྲིམས་ཆད་གཅོད་དགོས།
    ཉེས་ཅན་ལ་སྔོན་ཆད་ནག་ཉེས་རིམ་པ་མི་འདྲ་བ་གཉིས་དང་ཡང་ན་དེ་ལས་གཞན་པའི་ནག་ཉེས་ཀྱི་བྱ་སྤྱོད་ཡོད་ན། ནག་ཉེས་ཀྱི་ཚད་གཞི་གཞིར་བཟུང་ནས་ཉེས་ཆད་གཅོད་པ་གཏན་འབེབས་བྱ་དགོས།
    རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས་ལ་འགེབས་སྲུང་བྱེད་པ་དང་ཡང་ན་ནག་ཚོགས་ཀྱི་ངོ་བོ་ལྡན་པའི་རྩ་འཛུགས་ཀྱི་ཁྲིམས་འགལ་ནག་ཉེས་བྱ་འགུལ་ཀུ་ཡངས་སུ་བཏང་བ་ན། ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་དང་བཀག་སྐྱིལ། ཡང་ན་ཆབ་སྲིད་ཀྱི་ཁེ་དབང་རྩིས་ལེན་བྱ་དགོས། གནས་ཚུལ་ཚབས་ཆེན་ཡིན་ན་ལོ་གསུམ་ཡན་དང་ལོ་བཅུའི་མན་གྱི་དུས་བཀག་བཙོན་འཇུག་ཁྲིམས་ཆད་གཅོད་དགོས།
    (བཅོ་ལྔ་བ།)ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱིས་ངེས་པར་དུ་བསྒྲུབ་དགོས་པའི“ཟུང་འབྲེལ་གཉིས”ནི་གང་ཡིན་ནམ།
    རུལ་སུངས་ལ་ངོ་རྒོལ་དང་གཞི་རིམ་གྱི“ནག་མ་གསོད་པ”གཉིས་ཟུང་འབྲེལ་བྱེད་པ། གཞི་རིམ་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པར་ཟུང་འབྲེལ་བྱེད་པ།
    (བཅུ་དྲུག་པ།)ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི“མཐའ་གཅིག་གཉིས”ཞེས་པ་དེ་གང་བསྟན་པ་ཡིན་ནམ།
    ནག་ཚོགས་དང་ངན་ཕྱོགས་ལ་འབྲེལ་བ་ཡོད་པའི་གྱོད་དོན་ལ་མཐའ་གཅིག་ཏུ་རྩད་གཅོད་ནན་མོ་བྱས་ཏེ་རྒྱབ་ལྗོངས་ཀྱི་རུལ་སུངས་གནད་དོན་སྔོག་འདོན་བྱེད་པ།
ནག་ཚོགས་དང་ངན་ཕྱོགས་ཀྱི་སྟོབས་ཤུགས་དེའི“འགེབས་སྲུང་མཁན”ལ་མཐའ་གཅིག་ཏུ་རྩད་གཅོད་མཐིལ་ཕྱིན་པ་བྱས་ཏེ་གཏན་ནས་མཚམས་མི་འཇོག་པ།
    (བཅུ་བདུན་པ། )ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི“གྱོད་དོན་གཅིག་ལ་ཞིབ་བཤེར་གསུམ”ཞེས་པ་དེ་གང་ཡིན་ནམ།
    གཅིག་ནས་ནག་ཚོགས་ཀྱི་སྟོབས་ཤུགས་ཡོད་པའི་གྱོད་དོན་ལ་རྩད་གཅོད་བྱེད་པ་དང་། གཉིས་ནས་ནག་ཚོགས་སྟོབས་ཤུགས་དེའི་རྒྱབ་ལྗོངས་ཀྱི“འབྲེལ་འདྲིས་དྲ་བ”དང“འགེབས་སྲུང་མཁན”ལ་རྩད་གཅོད་རྗེས་འདེད་གསལ་བོ་བྱེད་པ། ད་རུང་ཏང་ཨུ་དང་སྲིད་གཞུང་གི་འགན་ཁུར་མི་སྣ་གཙོ་བོ་དང་འབྲེལ་ཡོད་སྡེ་ཁག་གི་ལྟ་སྐུལ་བདག་དམ་འགན་ཁུར་མི་སྣ་ལ་རྩད་གཅོད་གསལ་བོ་བྱེད་པ།
    (བཅོ་བརྒྱད་པ།)ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་བྱ་བའི་བྱེད་ཐབས་གང་དག་ཡོད་དམ།
    ཁུངས་སྣེ་བཙལ་བ། ཉེས་ཅན་ལ་རྡུང་རྡེག་གཏོང་བ། “འགེབས་སྲུང་མཁན”སྔོག་འདོན་བྱེད་པ། འགོ་ཁུངས་དག་ཐེར་བྱེད་པ། རྩ་འཛུགས་དམ་པོ་བཅས་ཡིན།
    (བཅུ་དགུ་བ།)ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་ཀྱི་བྱ་བའི་གཙོ་གནད་བཅུ་ནི་གང་དག་ཡིན་ནམ།
    ཁྱོན་ཡོངས་ནས་མཐིལ་རྟོགས་རྩད་གཅོད་སྔོག་འདོན་གཏིང་ཟབ་བྱེད་པ། རྩ་འཛུགས་ཀྱིས་གནད་ཁེལ་རྡུང་རྡེག་ལག་བསྟར་བྱེད་པ། བློ་ཐག་རྦད་ཆོད་ཀྱིས་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་པ། འགོ་ཁུངས་ཀྱི་སྔོན་འགོག་དང་དག་ཐེར་ལ་ནུས་ཤུགས་གང་ཡོད་འདོན་པ། ལྟ་སྐུལ་བདག་དམ་དང་མཉམ་འཛུགས་སྒྲིག་གཞི་གསར་འཛུགས་བྱེད་པ། ལྟ་སྐུལ་ཞིབ་བཤེར་དང་སྒྲིག་ཁྲིམས་ལག་བསྟར། འགན་འཁྲི་རྩད་གཅོད་བཅས་ལ་ཤུགས་སྣོན་པ། ནུས་མེད་ཁ་འཐོར་གྱི་སྡེ་བ་དང་གཞིས་ཁུལ་གྱི་ཏང་རྩ་འཛུགས་ལ་དག་ཐེར་བྱེད་པ། སྡེ་བ་རིམ་པའི་སྐབས་བརྗེའི་འདེམས་བསྐོའི་རྩ་འཛུགས་ལེགས་པོར་སྒྲུབ་པ། རྒྱ་ཆེའི་མང་ཚོགས་ཟབ་ཞུགས་བྱེད་པར་སྐུལ་སློང་བྱེད་པ། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་དང་ཁྲིད་སྟོན་ལ་ཤུགས་སྣོན་བྱེད་པ།
    (ཉི་ཤུ་བ།)ནག་ཚོགས་ཀྱི་སྟོབས་ཤུགས་མེད་པར་བཏང་ནས་གཤིན་ས་ལེགས་སྐྱོང་བྱེད་པའི་རྩ་བའི་ཐབས་ཇུས་ཀྱི་གནད་འགག་ནི་ཅི་ཞིག་ཡིན་ནམ།
    གཞི་རིམ་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་དེ་ཡིན།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།