中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཐེ་བོ་རྫོང་གི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི “གདུགས་རྡུང་དྲ་གཏོར”གྱི་ཕན་འབྲས་མངོན་གསལ་ཡིན་པ།
དུས་ཚོད།2019-07-03 16:09:04     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་བཞིན་པ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་བ་ནས་བཟུང་སྟེ། ཐེ་བོ་རྫོང་སྒྲིག་ཨུ་ལྟ་ཞིབ་ཨུས་བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་ནས་ཆབ་སྲིད་ཀྱི་ལངས་གནས་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་། ནན་ཏན་ངང་བྱ་ཐབས་ནུས་ལྡན་སྤྱད་དེ་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་བྱ་བ་ལ་སྐུལ་འདེད་བཏང་།
    ཐེ་བོ་རྫོང་གིས་ནག་ཚོཊ་སྟོབས་ཤུཊ་ཀྱི“སྲུང་གདུགས”དང“འབྲེལ་བའི་དྲ་བར”དམིགས་ནས་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་ནན་ཏན་བྱས་པ་དང་། ནུས་ཤུགས་ཡོད་རྒུས་ཁུངས་སྣེ་མཐིལ་རྟོགས་བྱས་པས་བྱ་བའི་ཕན་འབྲས་རིམ་བཞིན་མངོན་གསལ་དོད་པོ་རུ་ཕྱིན། 2019ལོའི་ཟླ 6པའི་བར་དུ། ནག་ཚོགས་སྤྱོད་ངན་དང་འབྲེལ་བ་ཡོད་པའི་གནད་དོན་གྱི་ཁུངས་སྣེ 10བདག་སྤྲོད་བྱས། ནུས་མེད་ཟབ་ཟོབ་ཀྱི་ཏང་རྩ་འཛུགས 2དག་ཐེར་བྱས་པ་དང་། མི 2ལ་ཏང་ནང་གི་གོ་གནས་བླངས་པ། མི 3ལ་ཏང་ནང་གི་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་བཅད་པ་དང་། མི 7ལ་ཏང་ནང་གི་ཐ་ཚིག་སྒྲོག་པའི་ཆད་པ་བཅད། ཞིབ་དཔྱད་བྱེད་བཞིན་པའི་གྱོད་གཞི 4ཡོད་པ། ཏང་ཡོན་དང་གཞུང་ཞབས་མི་སྣ་ནག་ཚོགས་སྤྱོད་ངན་དང་འབྲེལ་བ་ཡོད་པའི་གནད་དོན་གྱི་ཁུངས་སྣེ 2གྱོད་དོན་ཐོ་འགོད་དང་ཞིབ་བཤེར་བརྟག་དཔྱད་བྱེད་བཞིན་ཡོད།
    ནག་སེལ་གཤེད་བཅོམ་གྱི“གདུགས་རྡུང་དྲ་གཏོར”གྱི་བྱ་འགུལ་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་ནས་ནག་ཚོགས་དང་འབྲེལ་བ་ཡོད་པའི“སྲུང་གདུགས”གནད་དོན་གྱི་ཁུངས་སྣེ་ཆད་ལུས་མི་ཡོང་བ་བྱ་ཆེད། རྫོང་སྒྲིག་ཨུ་ལྟ་ཞིབ་ཨུས་མི་སྣའི་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ཆེད་དོན་བྱ་བའི་ཚན་ཆུང་དང་གྱོད་གཞི་དཔྱད་བཤེར་ཚན་ཆུང 6བཙུགས་པ། ཉིན 4ཡི་དུས་ཚོད་སྤྱད་དེ་རྫོང་ཡོངས་ཀྱི 2015ལོའི་ཟླ 7པ་ནས་མིག་སྔར་ཐུག་བར་སྒྲུབ་བཞིན་པའི་གྱོད་གཞི་ཚང་མར་ཁྱོན་ཡོངས་ནས་ཞིབ་བཤེར་ནན་མོ་བྱས་ཤིང་། བསྡོམས་པས་གནད་དོན་གྱི་ཁུངས་སྣེ་དང་གྱོད་གཞིའི་ཁུངས་སྣེ 1178ཞིབ་བཤེར་བྱས་པའི་ནང་རྫོང་སྒྲིག་ཨུ་ལྟ་ཞིབ་ཨུའི་ཡིག་བསྐུར་ངོ་བཅར་གྱི་གནད་དོན་ཐེར་འདོན་གྱི་ཁུངས་སྣེ 155ཡོད་པ་དང་། རྫོང་སྒྲིག་ཨུ་ལྟ་ཞིབ་ཨུས་རང་སྒྲུབ་བྱས་པའི་གྱོད་གཞི 176ཡོད་པ། སྤྱི་བདེ་དང་། ཞིབ་དཔྱོད། ཁྲིམས་ཁང་བཅས་ཀྱི་གྱོད་གཞི 435ཡོད་པ། སྡེ་ཁག་དང་ཤང་དང་གྲོང་རྡལ་ས་ཚིགས་བཅས་ཀྱི་སྲིད་འཛིན་ཁྲིམས་འཛིན་རིགས་ཀྱི་གྱོད་གཞི 412བཅས་ཡོད་ལ། “གདུགས་རྡུང་དྲ་གཏོར”གྱི་བྱ་བ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བཞིན་ཡོད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།