中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཐབས་ཇུས་གནད་དུ་འཁེལ་བ་ཡིས།། དབུལ་སྐྱོར་ལམ་དུ་གྲུབ་འབྲས་བལྟམས།།
དུས་ཚོད།2019-07-08 12:26:16     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 ཉེ་བའི་ལོ་ནས་བཟུང་། གཙོས་གྲོང་ཁྱེར་ཏང་ཨུ་དང་སྲིད་གཞུང་གིས་དེ་གནད་འཁེལ་དབུལ་སྐྱོར་དམ་འཛིན་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་འབྲེལ་ཡོད་དགོངས་དོན་དུས་ཐོག་ཏུ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་བཀོད་སྒྲིག་ཞིབ་ཚགས་བྱས་ཤིང་། ཏང་སྲིད་ཀྱི་འགོ་ཁྲིད་པ་གཙོ་བོའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ་དང་། རྫོང་རིམ་པའི་འགོ་ཁྲིད་པས་འགན་ལེན་དམ་འཛིན་དང་། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱིས་རོགས་སྐྱོར་བྱེད་པ་དང་། ཏང་ཡོན་ལས་བྱེད་པས་ཁྱིམ་ཚང་འགན་ལེན་བྱེད་པའི་ལམ་ལུགས་ལག་བསྟར་བྱས་པ་མ་ཟད། གནད་འཁེལ་དབུལ་སྐྱོར་གྱི་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་དོན་འཁྱོལ་མཐར་ཕྱིན་བྱས་པས། མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་སྡོད་ཁང་དང་བཏུང་ཆུ། སློབ་གསོ། སྨན་བཅོས་སོགས་དམངས་འཚོའི་གནད་དོན་སྐོར་ཞིག་ཐག་གཅོད་ཐུབ་པ་བྱུང་ཞིང་། རྒྱ་ཆེའི་མང་ཚོགས་ཀྱི་ཐོབ་སེམས་དང་བློ་ཡིད་ཚིམ་ཚད་མངོན་གསལ་ཇེ་མཐོར་སོང་།
    གཙོས་གྲོང་ཁྱེར་གྱིས་ས་གནས་མང་ཚོགས་དབུལ་ཐར་ཕྱུག་འགྱུར་ཡོང་རྒྱུ་དེ་ཏང་སྲིད་བྱ་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ཏེ་གོང་འོག་བར་གསུམ་གྱིས་དམ་འཛིན་བྱེད་པའི་དུས་མཚུངས་སུ། གནད་འཁེལ་དབུལ་སྐྱོར་གྱི་ཐབས་ལམ་གཞན་དག་ཧུར་ཐག་གིས་འཚོལ་ཞིབ་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་དང་། རོང་འབྲོག་ཐོན་ལས་གོང་སྤེལ། “འགྱུར་བ་གསུམ”བསྒྱུར་བཅོས་གཏོང་བ་བཅས་དབུལ་ཐར་མཁྲེགས་གཏོར་གྱི་གཞི་འཛིན་སར་བརྩིས་ཤིང་། སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ་འཛུགས་སྐྲུན་བྱེད་པ་དང་། དམངས་ཕྱུག་ཐོན་ལས་གསོ་སྐྱོང་བྱེད་པ། རོང་འབྲོག་སྡེའི“འགྱུར་བ་གསུམ”བསྒྱུར་བཅོས་བྱེད་པ་བཅས་ཀྱི་ཁྲོད་དབུལ་ཕོངས་སྡེ་བ་དམིགས་སུ་བཀར་ཏེ་སྲིད་ཇུས་དང་མ་དངུལ་གྱི་ཐད་ནས་རྒྱབ་སྐྱོར་བྱས་པས། དབུལ་ཐར་མཁྲེགས་གཏོར་དང་རོང་འབྲོག་སྡེའི་བྱ་བ་སྣ་སོ་སོ་མཉམ་འདྲེས་གཏིང་ཟབ་ཡོང་བ་མངོན་འགྱུར་བྱུང་བ་མ་ཟད། རོང་འབྲོག་མང་ཚོགས་དབུལ་ཐར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཀྱི་ནུས་པ་བཟང་བོ་ཐོན། རོང་འབྲོག་སྡེའི“འགྱུར་བ་གསུམ”གྱི་ཚོད་ལྟའི་བསྒྱུར་བཅོས་ཁྲོད། ཁེ་ཕན་གཅིག་སྦྲེལ་གྱི་རྐྱེན་སྲོལ་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས་རོང་འབྲོག་སྡེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་གསོ་སྐྱོང་བྱས་པས། དབུལ་ཕོངས་སྡེ་བའི་ཞིང་བའི་ཆེད་ལས་མཉམ་ལས་ཁང་གི་ཁེབས་ཚད 100%རུ་བསླེབས་པ་དང་། ལས་རིགས་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་འགྲོ་བ་དང་། ཐོན་ལས་ལ་བརྟེན་ནས་མང་ཚོགས་ཕྱུག་པོ་ཆགས་པ། ཐོན་ལས་མཉམ་འདྲེས་བཅས་ཀྱི་འཕེལ་རྒྱས་ཀྱི་གནས་བབ་བཟང་བོ་ཆགས་ཡོད། གྲོང་ཁྱེར་ཡོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར 6ལྷག་སྡེབ་སྒྲིག་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་གྱི་འབྱོར་འབྲིང་སྡེ་བ 87འཛུགས་སྐྲུན་བྱས་པ་དང་། སྡོད་ཁང་གི་རྣམ་པ་བཅོས་བསྒྱུར་དང་། རོང་འབྲོག་སྡེའི“བཅོས་བསྒྱུར་བདུན”དང་སྡེ་བ་རིམ་པའི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་སོགས་ལས་གཞི་གཙོ་བོར་བཟུང་སྟེ་འཛུགས་སྐྲུན་བྱས་པས། དབུལ་ཐར་མཁྲེགས་གཏོར་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། ཐོན་ལས་གོང་སྤེལ། སྤྱི་ཚོགས་གཏན་འཇགས་སྲུང་སྐྱོང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་གཞི་རིམ་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་བཅས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་པ་དང་། རོང་འབྲོག་སྡེའི་རྣམ་པར་འཕོ་འགྱུར་ཆེན་པོ་བྱུང་ཡོད། དུས་མཚུངས་སུ། ལས་གཞིའི་མ་དངུལ་ཧུར་བརྩོན་གྱིས་སྡེབ་སྒྲིག་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན་པས་ཁྱབ་རྒྱ་ཆེ་ཞིང་བྱེད་ནུས་ཆ་ཚང་བ། འདེགས་སྐྱོར་ནུས་ལྡན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་རིམ་གྱིས་ཆགས་ཡོད་པ་དང་། རོང་འབྲོག་སྡེའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱས། ད་ལྟ། གཙོས་གྲོང་ཁྱེར་གྱི་སྲིད་འཛིན་སྡེ་བའི་གཞུང་ལམ་དང་བཏུང་ཆུ། འཕྲིན་གཏོང་སོགས་ཀྱི་ཁེབས་ཚད 100%རུ་བསླེབས་ཡོད་པ་དང་། འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད 93.03%དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ནང་ཞུགས་ཚད 95.82%ལ་བསླེབས་ཏེ། མང་ཚོགས་ཀྱི་འཚོ་བའི་སྐྱིད་སྣང་དང་ཐོབ་སེམས་མངོན་གསལ་ཇེ་མཐོར་སོང་ཡོད།།   (གསར་འགོད་པ་ཝུའུ་དབྱིན་ཧྭ་ཡིས།)
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།