中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ཀན་སུའུ་ཡི་ཞིང་གྲོང་གི་མ་མཐའི་འཚོ་རྟེན་འགན་སྲུང་ཚད་གཞི་ལོ་བདུན་གྱི་རིང་ལ་འཕར་ཚད་ལྡབ་གཅིག་ལས་བརྒལ་བ།
དུས་ཚོད།2019-07-10 13:27:26     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) གསར་འགོད་པས་ཀན་སུའུ་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀན་སུའུ་ཡིས་ཉེ་བའི་ལོ་ཤས་རིང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་ཚད་གཞི་རྒྱུན་མཐུད་ངང་མཐོ་རུ་བཏང་། 2012ལོ་དང་བསྡུར་ན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་ཚད་གཞི་འཕར་ཚད་ལྡབ་གཅིག་ལས་བརྒལ་བའི་ནང་གྲོང་ཁྱེར་གྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་ཚད་གཞི་འཕར་ཚད 101.5%ཟིན་པ་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་ཚད་གཞི་འཕར་ཚད 170.2%ཟིན།
    ཀན་སུའུ་ཞིང་ཆེན་གྱི་བསྡོམས་རྩིས་གཞི་གྲངས་ལས་མངོན་པར། ཀན་སུའུ་ཞིང་ཆེན་གྲོང་ཁྱེར་གྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་ཚད་གཞི་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་གི་ཚད་གཞི་དེ 2012ལོའི་སྒོར 3120དང་སྒོར 1488ནས 2019ལོའི་སྒོར 6288དང་སྒོར 4020བར་མཐོ་རུ་བཏང་ནས་འཕར་ཚད་སོ་སོར 101.5%དང 170.2%ཟིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་ཚད་གཞི 2012ལོའི་སྒོར་ཁྲི 3120དང་སྒོར 2400ནས 2019ལོའི་སོ་སོར་སྒོར 8174དང་སྒོར 5266བར་མཐོ་རུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་ལེན་བྱ་ཡུལ་ཁྲི 283.8དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་ཁྲི 10.4ལ་གཞི་རྩའི་འཚོ་རྟེན་འགན་ལེན་བྱས།
    དེ་དང་ཆབས་ཅིག་ཀན་སུའུ་ཡིས་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་ལམ་ལུགས་དང་དབུལ་སྐྱོར་གསར་སྤེལ་སྲིད་ཇུས་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་བཏང་ནས། ཡིག་ཚགས་བསྐྲུན་ནས་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ཁྲི 63.9གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་ནང་བཅུག་སྟེ། སྲིད་ཇུས་རང་བཞིན་གྱི་འགན་ལེན་བརྒྱུད་གནད་ཁེལ་དབུལ་སྐྱོར་ལ་སྐུལ་འདེད་བཏང་།
ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོ་ནས 2018ལོ་བར་ཀན་སུའུ་ཡིས་རིམ་རྩིས་བྱས་ན་སྤྱི་ཚོགས་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར 597བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་རྟེན་འགན་སྲུང་དང་། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་སོགས་སྤྱི་ཚོགས་རོགས་སྐྱོབ་ཐད་སྤྱད་དེ་ལོ་ལྟར་དཀའ་ངལ་ཡོད་པའི་མང་ཚོགས་ཁྲི 500ལྷག་ལ་རྒྱུན་གཏན་རང་བཞིན་གྱི་འཚོ་བའི་རོགས་སྐྱོབ་དང་མི་ཐེངས་ཁྲི 120ལྷག་ལ་གནས་སྐབས་རོགས་སྐྱོབ་བྱས།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།