中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་བཞིན་པ།
དུས་ཚོད།2019-07-10 13:30:35     རྩོམ་གྱི་ཡོང་ཁུངས།ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
 ཉེ་ཆར། ཁུལ་རང་བྱུང་ཐོན་ཁུངས་མ་ལག་གིས་མ་ལག་ཡོངས་ཀྱི་ནག་སེལ་གཤེད་བཅོམ་ཆེད་དོན་འཐབ་རྩོད་བྱ་བའི་བརྙན་འཕྲིན་ཁ་པར་གྱི་སྐུལ་སྤེལ་ཚོགས་འདུ་བསྡུས། རྫོང་དང་གྲོང་ཁྱེར་སོ་སོས་ཡན་ལག་ཚོགས་ར་བཙུགས།
    གྲོས་ཚོགས་ཀྱིས་བསྟན་པར། ཁུལ་ཡོངས་ཀྱི་རང་བྱུང་ཐོན་ཁུངས་མ་ལག་གི་གོང་འོག་ཚང་མས་བསམ་བློ་དང་བྱ་སྤྱོད་དངོས་གནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་གཞི་དང་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བ་བྱས་ནས། ནག་སེལ་གཤེད་བཅོམ་ནི་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཇུས་གཞི་དང་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་པའི་དོན་དངོས་ཀྱི་དགོས་མཁོ་ཡིན་པས། སྔར་ལས་ལྷག་པར་དུ་ཆེད་དོན་འཐབ་རྩོད་ཀྱི་འོས་འགན་འདུ་ཤེས་དང་ཁ་ཚ་དགོས་གཏུག་གི་འདུ་ཤེས་ལ་ཤུགས་སྣོན་དགོས།།
    ※ཉེ་ཆར། ཀླུ་ཆུ་རྫོང་མི་དམངས་ཁྲིམས་ཁང་གིས་ནག་ཚོགས་སྟོབས་ཤུགས་དང་འབྲེལ་བ་ཡོད་པའི་གྱོད་གཞི་ཐོག་མ་འདྲི་ཞིབ་བྱས་པ།།
    ཞིབ་གཅོད་བྱས་པ་བརྒྱུད། ཞུ་སྦྱོར་ཕྱི་མ་གདུགས་ག་གེ་མོ་དང་གཅོད་ག་གེ་མོ་སོགས་ཀྱིས་ཁྲིམས་འགལ་གྱི་བྱེ་རྡོའི་རྒྱུ་ཆ་སྐྱེལ་འདྲེན་བྱེད་པའི་ཁེ་ཕན་ཐོབ་ཆེད། 2017ལོའི་ཟླ 8ཚེས 28ཉིན“ཀླུ་ཆུ་རྫོང་བཀྲ་ཤིས་ཕྱུག་ལུང་སྐྱེལ་འདྲེན་ཚད་ཡོད་ཀུང་སིའི”གྲོས་མོལ་བྱས་པ་དང་འབྲེལ་ཐོ་འགོད་ཀྱང་བྱས་པ་དང་། ཞུ་སྦྱོར་ཕྱི་མ་གདུགས་ག་གེ་མོ་ནི་ཀུང་སིའི་ཁྲིམས་བཀོད་འཐུས་ཚབ་པ་ཡིན་ལ། ཀུང་སིར་ཁོངས་མི 30ལྷག་ཡོད།།  
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།