中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།། རྨ་ཆུ་རྫོང་གིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ།
དུས་ཚོད།2019-07-12 15:48:28     རྩོམ་གྱི་ཡོང་ཁུངས། ཀན་ལྷོའི་གསར་འགྱུར།    ཆུང་། | འབྲིང་། | ཆེ།
ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་བཞིན་པ།
རྨ་ཆུ་རྫོང་གིས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ།
    (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།)2018ལོ་ནས་བཟུང་རྨ་ཆུ་རྫོང་གི་སྤྱི་ལེ་གྲུ་བཞི་མ་ཆིག་ཁྲི་ལྷག་ཙམ་ཡོད་པའི་ས་གཞིའི་ཐོག་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། དེ་ནི“རལ་གྲི་རྣོན་པོ”ཞིག་དང་འདྲ་བར་མགྱོགས་མྱུར་དང་དྲག་པོ། སྟོབས་ཤུགས་ལྡན་པ་ཞིག་ཡིན་པས་འགོག་ཐབས་བྲལ་བ་ཞིག་ཡིན།
    རྨ་ཆུ་རྫོང་གིས་གཅིག་བསྡུས་ཀྱིས་བཀོད་སྒྲིག་བྱས་ནས་དུས་ཡུན་ལོ་ཕྱེད་རིང་ལ་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི“ཆེད་དོན་བྱ་འགུལ་ཆེན་པོ་ལྔ”སྤེལ་ཏེ། འཛུགས་སྐྲུན་སྡེ་ཁག་གིས་ལས་གྲྭ་བཙན་བཟུང་བྱེད་པ་དང་། འཛུགས་སྐྲུན་རྒྱུ་ཆ་སྒེར་སྡེམ། ཁྲིམས་འགལ་འཛུགས་སྐྲུན་སོགས་ཀྱི་ཐད་ལ་ཞིབ་བཤེར་བྱས་ཤིང་། འགྲིམ་འགྲུལ་སྡེ་ཁག་གིས་ཁྲིམས་འགལ་བདག་གཉེར་བྱེད་པ་དང་། ཚོང་ཟོག་ཡོང་ཁུངས་བཙན་བདག་བྱེད་པ། གཞུང་ལམ་དུ་དངོས་ཟོག་བཙན་འདྲེན་བྱེད་པ་སོགས་ལ་ཞིབ་བཤེར་བྱས། ཚོང་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས“ཚོང་རའི་བཙན་བདག”དང“སྔོ་ཚལ་གྱི་བཙན་བདག”ཐད་ལ་ཞིབ་བཤེར་བྱས་པ། རིག་གནས་རྒྱང་བསྒྲགས་ཡུལ་སྐོར་སྡེ་ཁག་གིས“ཡུལ་སྐོར་སྣེ་ཤན་པ་རྫུན་མ”དང“མཚམས་སྦྱོར་བ་རྫུན་མ”གཙོ་གནད་དུ་བཟུང་ནས་བཅོས་སྒྲིག་བྱས། འབྲེལ་ཡོད་སྡེ་ཁག་སོ་སོས་མགྱོགས་མྱུར་སྒོས་འཐབ་རྩོད་ཀྱི་བྱ་འགུལ་སྤེལ་ཏེ་དྲིལ་བསྒྲགས་ཚན་བྱང་དང LEDབརྙན་ཡོལ་སྤྱད་དེ་ནག་སེལ་གཤེད་བཅོམ་གྱི་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་རྒྱ་ཁྱབ་བྱས་པ་དང་། དྲ་ཚིགས་ཁྱབ་བསྒྲགས་དང་། ཡིག་སྒམ། ཐེར་འདོན་གོང་ཞུའི་ཁ་པར་འཛུགས་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་ནག་ཚོགས་སྟོབས་ཤུགས་ལ་རྡུང་རྡེག་གཏོང་བའི་རྣམ་པ་བཟང་བོ་ཞིག་ཆགས། མིག་སྔའི་བར་དུ་དྲིལ་བསྒྲགས་ཡིག་ཆ་སྣ་ཚོགས་ཚར་ཁྲི 5.7ལྷག་པར་བཀྲམས་བྱས་པ་དང་། སྐད་འཕྲིན་ལས་དོན་ཚོགས་པ་སྣ་ཚོགས་སུ་ཆེད་དོན་འཐབ་རྩོད་ཆ་འཕྲིན 140ལྷག་བརྒྱུད་བསྐུར་བྱས་ཤིང་། རྫོང་གི་སྐུད་ཡོད་བརྙན་འཕྲིན་ལས་ཁུངས་ཀྱིས་གསར་འཕྲིན 320ལྷག་ཁྱབ་གཏོང་བྱས་པ་དང་། ཆ་འཕྲིན་གསར་འགྱུར་མདོར་བསྡུས་ཐེངས 71སྤེལ་ཏེ། བསྡོམས་པས་ནག་ཚོགས་དང་འབྲེལ་བའི་གནད་དོན་གྱི་ཁུངས་སྣེ 15ཞིབ་བཤེར་དང་བདག་སྤྲོད་བྱས་ནས། ཉེས་གསོག་དོགས་ཅན 7འཛིན་བཟུང་བྱས་པ་དང་ཉེས་དོན་གྱོད་གཞི 5རྩད་ཆོད་པ། རྒྱན་འཛུགས་དང་འབྲེལ་བ་ཡོད་པའི་ཡོ་བྱད 46ཁྲིམས་ལྟར་མེད་པར་བཟོས་པ་དང་། ནུས་མེད་ཟབ་ཟོབ་ཡིན་པའི་སྡེ་བའི་ཏང་རྩ་འཛུགས 3ལ་ཞིབ་བཤེར་དང་བཅོས་སྒྲིག་བྱས། ཆེད་དོན་དྲིལ་བསྒྲགས་དཔུང་ཁག་བཙུགས་ནས་གོ་སླ་བའི་སྐད་ཆའི་ཐོག་ནས་རྩ་ཁྲིམས་དང་བཅའ་ཁྲིམས། དཔེ་མཚོན་གྱོད་དཔེ་འཆད་ཁྲིད་བྱས་ཏེ་རྒྱ་ཆེའི་གཞི་རིམ་གྱི་འབྲོག་པའི་ལས་བྱེད་པས་རྩ་ཁྲིམས་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ཤེས་རྟོགས་དང་ངོས་འཛིན་བྱེད་པ་སྔར་བས་གཏིང་ཟབ་ཏུ་བཏང་ཞིང་། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་ཉེ་འགྲམ་དུ་ཡོད་པའི་ནག་ཚོགས་སྤྱོད་ངན་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་ཁུངས་སྣེ་ཐེར་འདོན་བྱ་རྒྱུར་སྐུལ་སློང་དང་བསྔགས་སྐུལ་བྱས། རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་པ་གཙོ་བོ་ཤང་དང་གྲོང་རྡལ། ལས་རིགས་སྡེ་ཁག་ཏུ་སོང་ནས་ལྟ་སྐུལ་ཞིབ་བཤེར་དང་མཛུབ་སྟོན་བྱས་པ་དང་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་རྒྱུ་ཡིན་པ་བསྟན།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།