༄༅།།ཀླུ་ཆུ་རྫོང་གིས“བྱང་གཅིག་ཀུན་རྒྱུག”ཆེད་དོན་བཅོས་སྒྲིག་བྱས་ཏེ་ལས་བྱེད་པ་མང་བོ་ཞིག་གི་འགན་འཁྲི་རྩད་གཅོད་བྱས་པ། - སྤྱི་ཚོགས། - མདོ་ལྷོ་དྲ་བ།-甘南香巴拉在线
  中文版 藏文版 手机APP 官方微信
མདུན་ཤོག གསར་འགྱུར། སྤྱི་ཚོགས། རིག་གནས། ལོ་རྒྱུས། ཆོས་ལུགས། ཡུལ་སྐོར་སྐྱེ་ཁམས། བཅའ་ཁྲིམས་ཁྲིམས་སྲོལ། ཚན་རྩལ་ཤེས་བྱ། རྩོམ་རིག མི་སྣ། དམངས་སྲོལ། པར་མཛོད།
 མདུན་ཤོག > སྤྱི་ཚོགས། >
༄༅།།ཀླུ་ཆུ་རྫོང་གིས“བྱང་གཅིག་ཀུན་རྒྱུག”ཆེད་དོན་བཅོས་སྒྲིག་བྱས་ཏེ་ལས་བྱེད་པ་མང་བོ་ཞིག་གི་འགན་འཁྲི་རྩད་གཅོད་བྱས་པ།
དུས་ཚོད།2019-07-12 15:50:14     རྩོམ་གྱི་ཡོང་ཁུངས། མདོ་ལྷོ་དྲ་བ།    ཆུང་། | འབྲིང་། | ཆེ།
 (རང་རེའི་གསར་འགྱུར་གྱི་སྤེལ་འཕྲིན།) ཉེ་ཆར། ཀླུ་ཆུ་རྫོང་སྒྲིག་ཨུའི་ལྟ་ཞིབ་ཨུས“བྱང་གཅིག་ཀུན་རྒྱུག”ཆེད་དོན་བཅོས་སྒྲིག་གི་དཔེ་མཚོན་གྱོད་དཔེ་བརྡ་ཁྱབ་བཏང་ནས་ལས་བྱེད་པ་མང་བོ་ཞིག་གི་འགན་འཁྲི་རྩད་གཅོད་བྱས།
    དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་མ་དངུལ་གྱི“བྱང་གཅིག་ཀུན་རྒྱུག”གི་དོ་དམ་གནད་དོན་དེ་ཆེད་དོན་བཅོས་སྒྲིག་སྤེལ་འགོ་ཚུགས་པ་ནས་བཟུང་། རྫོང་སྒྲིག་ཨུའི་ལྟ་ཞིབ་ཨུས“བྱང་བུ་དང་། སྒོར་མོ། མི”བཅས་རྒྱུ་རྐྱེན་གཙོ་བོ་གསུམ་ལ་དམིགས་ནས་རོང་འབྲོག་མང་ཚོགས་ཀྱི“བྱང་གཅིག་ཀུན་རྒྱུག”ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་མ་ཟད། ཀླུ་ཆུ་རྫོང་གི་བརྙན་འཕྲིན་དང་། ཀླུ་ཆུའི་སྒྲིག་བཤེར་ལྟ་ཞིབ་དྲ་བ། “འཆམ་མཐུན་ཀླུ་ཆུའི”སྐད་འཕྲིན་སྤྱི་སྟེགས་སོགས་སྨྱན་སྦྱོར་བརྒྱུད་དེ་སྤྱི་ཚོགས་ལ་སྤྱི་བསྒྲགས་བྱས་པ་དང་། “བྱང་གཅིག་ཀུན་རྒྱུག”གི་གནད་དོན་དང་འབྲེལ་བ་ཡོད་པའི་ཏང་ཡོན་ལས་བྱེད་པ་དང་དེ་བཞིན་མི་སྣ་གཞན་དག་གིས་རང་འགུལ་ངང་གནད་དོན་གསལ་བཤད་བྱེད་པར་ལྟ་སྐུལ་བྱས་ཤིང་། ཧམ་སེམས་བཅངས་ནས་ཁྲིམས་འགལ་ངང་རྒྱུ་ནོར་ལྐོག་ཟ་བྱེད་མཁན་དེ་གཏན་ནས་རྒྱ་ཡན་དུ་མི་གཏོང་བར་། གང་ཞིག་ཤེས་རྟོགས་བྱུང་ན་དེ་རྩད་གཅོད་ནན་མོ་བྱས་ནས་བརྡ་ཁྱབ་བཏང་བས། དམངས་ཕན་ཞིང་ཕན་གྱི“བྱང་གཅིག་ཀུན་རྒྱུག”དེ་རོང་འབྲོག་མང་ཚོགས་ཀྱི“གསལ་རྟོགས་བྱང་བུ”དང“བདེ་སྐྱིད་བྱང་བུ”ཞིག་ཏུ་གྱུར།
    “བྱང་གཅིག་ཀུན་རྒྱུག”ཆེད་དོན་བཅོས་སྒྲིག་གི་རང་བཤེར་རང་བཅོས་ཀྱི་དུས་སྐབས་སུ་རིམ་བསགས་ཀྱིས་བརྩིས་ན་ལྟ་སྐུལ་ཞིབ་བཤེར་བྱས་པ་ལས་གནད་དོན་གྱི་ཁུངས་སྣེ 2132ཤེས་རྟོགས་བྱུང་བ་དང་། རང་འགུལ་ངང་གནད་དོན 103གསལ་བཤད་བྱས་པ། གནད་དོན 1216དག་ཐེར་བྱས་ཤིང་། ཞིབ་བཤེར་དང་བཅོས་སྒྲིག་བྱེད་བཞིན་པའི་གནད་དོན 1019ཡོད་པ། དམངས་ཕན་ཞིང་ཕན་གྱི་མ་དངུལ་སྒོར་ཁྲི 441.25དང་འབྲེལ་ཡོད་ལ། རང་འགུལ་ངང་སྒྲིག་འགལ་གྱི་མ་དངུལ་སྒོར་ཁྲི 1.79ཡར་སྤྲད་ཡོད་པ། མི 2ལ་ཏང་ནང་གི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་དང་། མི 1ལ་སྲིད་དོན་ཆད་པ་བཅད་པ། མི 6ལ་སྐྱོན་བརྗོད་བརྡ་ཁྱབ་བཏང་བ་རེད།།
Copyright2010-2020 ཀན་ལྷོ་གསར་འགྱུར་ཁང་། All rights reserved.
དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག་སྒྲིག་ཨང་། ཀན་སུའུ་གསར་འགྱུར་གཞུང་སྒྲུབ 6201023
ICPཐོ་འགོད་སྙན་སེང་ཨང་རྟགས།ལུང་ICPཐོ་འགོད་སྙན་སེང་16001452 ལག་རྩལ་རམ་འདེགས། ཀན་སུའུ་པའོ་རན་ཚན་རྩལ།
དྲ་ཚིགས་འདིར་བཀོད་ཀྱི་ཀན་ལྷོ་གསར་འགྱུར་ལས་གཞན་པའི་གསར་འགྱུར་ཚང་མ་དྲ་ཚིགས་གཞན་ལས་བཏུས་པ་ཡིན་པས།ཆ་འཕྲིན་དག་དཔྱད་གཞིར་འཛིན་པ་ལས་གལ་ཏེ་ཁྱེད་ཉིད་ཀྱི་ཁེ་དབང་ལ་གནོད་འཚེ་བཏང་ཚེ་ང་ཚོར་འབྲེལ་གཏུག་ཞུ་རོགས།